དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་ཉག་ཆུའི་ནགས་ཚལ་མེ་སྐྱོན་ནང་མང་ཚོགས་3396གནས་སྤོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-20

    འདི་ནི་ཟླ་3ཚེས་17ཉིན། སི་ཁྲོན་ཞིང་ཆེན་ཉག་ཆུ་རྫོང་ཁྲེང་ཀོན་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ་དུ་གྲོགས་པོ་ཆུང་ཆུང་ཚོས་རྐང་རྩེད་སྤོ་ལོ་རྩེ་བཞིན་པ།

    འདི་ནི་ཟླ་3ཚེས་17ཉིན། སི་ཁྲོན་ཞིང་ཆེན་ཉག་ཆུ་རྫོང་ཁྲེང་ཀོན་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་མང་ཚོགས་ཀྱིས་དགོང་ཟས་ཟ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཉག་ཆུའི་ནགས་ཚལ་མེ་སྐྱོན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ས་གནས་དེ་གས་མང་ཚོགས་3396བདེ་འཇགས་ངང་གནས་སྤོ་བྱས་པ་དང་འབྲེལ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་8བཙུགས་ཡོད། མིག་སྔར་མེ་སྐྱོན་ནང་མི་སྣ་ཤི་རྨས་བྱུང་མེད་པ་དང་འཕྲལ་སྡོམ་དངོས་ཟོག་སྣ་ཚོགས་གྲབས་གསོག་འདང་ངེས་ཡོད་པ་རེད།

    དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་འདམ་སེར་གྲོང་ཚོ་ནས་ཉག་ཆུའི་ངོགས་གཉིས་སུ་སྔར་བཞིན་མེ་འབར་ནས་དུ་ནག་འཕྱུར་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། འོན་ཀྱང་མེ་ཤུགས་ཆུང་དུ་ཕྱིན་ཡང་ས་གནས་ས་ཐོག་ཏུ་ལྷགས་པ་སྔར་བཞིན་རྒྱག་བཞིན་ཡོད་པ་རེད། གྲོང་ཚོ་དེའི་མང་ཚོགས་ཀྱི་སྡོད་ཁང་21མེས་འཚིག་པ་དང་དེའི་ནང་སྡོད་ཁང་དང་རླངས་འཁོར་ཁག་གཅིག་འཚིག་ཡོད་པ་རེད། ས་གནས་དེ་གའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོ་དེའི་གྲོང་མི་70བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་བྱས་ཟིན་པ་རེད།

    དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཁང་པིན་གྱིས། མིག་སྔར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་ས་གནས་དེ་གའི་ཆེད་ལས་མེ་གསོད་རུ་ཁག་སོགས་ཀྱི་མི་1935ཡིས་ནུས་ཤུགས་ཡོད་རྒུས་ནགས་ཚལ་གྱི་མེ་སྐྱོན་སེལ་བ་དང་། ཐད་འཕུར་གནམ་གྲུ་8ཀྱིས་ས་གནས་ས་ཐོག་ཏུ་མེ་གསོད་ལས་དོན་སྒྲུབ་བཞིན་ཡོད། གཞན་ཡང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་890རོགས་སྐྱོབ་བྱེད་པར་ཡོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    དེ་དང་ཆབས་ཅིག སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་སྒྲིག་འཛུགས་བྱས་ནས་འགན་སྲུང་དཔུང་ཁག་དང་སྒྲིག་ཆས་བཀོད་གཏོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་མེ་གསོད་ཁུལ་གྱི་བཀོད་འདོམས་པུའི་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། ཟླ་3ཚེས་17ཉིན་གྱི་ཆུ་ཚོད་11པའི་བར། སི་ཁྲོན་ཞིང་ཆེན་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་རིམ་རྩིས་བརྒྱབ་ན་འགན་སྲུང་མི་སྣ་399བཏང་བ་དང་། སྦྲེལ་ཚུགས་79མྱུར་བཟོ་བྱས་ཏེ་འབྲེལ་ཡོད་ས་ཁོངས་ཀྱི་སྤྱི་དམངས་ཀྱི་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ནས་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱས་པས། ཤང་དང་གྲོང་རྡལ་རིམ་པའི་འཕྲིན་གཏོང་ཚང་མ་ཤར་གཏོང་ཐུབ་ཡོད། ཚེས་17ཉིན་གྱི་ཆུ་ཚོད་14པའི་བར། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས་འཕྲལ་སྡོམ་གློག་གཏོང་རླངས་འཁོར་17དང་། གློག་གཏོང་འཕྲུལ་འཁོར་179 གློག་ཤུགས་ལས་གྲྭའི་རླངས་འཁོར་22 གློག་ཤུགས་བཟོ་པ་178མངག་གཏོང་བྱས་ནས་ཉེན་སེལ་ཁུལ་གྱི་གློག་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣའི་བདེ་འཇགས་འགན་ལེན་བྱ་ཆེད། གཡག་རྔ་ནས་དར་མདོ་བར་དང་། ཁྲེང་ཏུའུ་ནས་གཡག་རྔ་བར། གཡག་རྔ་ནས་ཤིས་ཁྲང་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་117གྱིས་ཉེན་སེལ་རོགས་སྐྱོབ་ཀྱི་ལྗང་མདོག་བགྲོད་ལམ་བཏོད་དེ་འཕྲལ་སྡོམ་རོགས་སྐྱོབ་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

    མིག་སྔར་མེ་གསོད་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར། མང་ཚོགས་བཀོད་སྒྲིག་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་དང་། མེ་ཤོར་རྐྱེན་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།