དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕུའུ་ཅིང་གིས་ཨུ་ཀྲུང་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུ་ཡིན་ལུགས་བརྗོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་ཀྲུང་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏིང་ཟབ་ཕྱིན་ཏེ། གྲུབ་འབྲས་གསར་པ་ཐོབ་རྒྱུ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་ངེས་རེད་ཅེས་བརྗོད་པ་རེད།

    ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་ཐོ་རེངས་སུ་ཕུའུ་ཅིང་གིས་འགྲན་འདེམས་སྤྱི་ཁྱབ་པུའུ་རུ་གཏམ་བཤད་སྤེལ་ནས་འདེམས་དམངས་ཀྱིས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། ཨུ་ཀྲུང་འབྲེལ་བ་ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད། ཧ་ཅང་བརྟན་དུ་ཕྱིན་ནས་ཕན་ཚུན་གསབ་རེས་རང་བཞིན་ཡང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།

    ཕུའུ་ཅིང་གིས། དཔལ་འབྱོར་དང་ཕྱི་འབྲེལ་སོགས་ཁྱབ་ཁོངས་སུ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོར་མཐུན་ཆ་མང་པོ་ཡོད། ཨེ་ཤེ་ཡ་དང་ཡོ་རོབ་ས་ཁུལ་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན། ཨུ་ཀྲུང་འབྲེལ་བ་ནི་བརྟན་ལྷིང་གི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བསྟན་པ་རེད།

    ཕུའུ་ཅིང་གིས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཤིང་། ཁོང་གིས་ཀྲུང་གོས་གདེང་ཚོད་ཆེན་པོས་འཕེལ་རྒྱས་མྱུར་པོ་ཡོང་ཐབས་བྱེད་ལ་གསར་གཏོད་རྣམ་པའི་དཔལ་འབྱོར་ཕྱོགས་སྒྱུར་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་གར་སྟེགས་ཐོག་ཉིན་བཞིན་གསོན་ཤུགས་འཕེལ་བཞིན་ཡོད་ལ་གྲུབ་འབྲས་ཧ་ཅང་ཆེན་པོའང་ཐོབ་ནས་འཛམ་གླིང་ས་གནས་ཁག་ཏུ་གྲོགས་པོ་མང་པོ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།