དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད”

    —— ཁ་རེ་ཤེ་ཡའི་ཙུང་ཐུང་ཟུར་པ་དབྱི་ཝོ·གཡོད་ཤིས་པོ་ཝེ་ཆིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཀྲུང་ཧྭ།   |     སྤེལ་དུས།  2024-03-20

    “ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཕེ་ལེ་ཧྲ་ཚེ་ཟམ་ཆེན་ནི་ཁེ་ཀྲུང་རྒྱལ་ཁབ་གཉིས་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ཐད་མཉམ་ལས་བྱས་པའི་ཕུལ་བྱུང་གི་དཔེ་མཚོན་ཞིག་ཡིན་པས་དེ་ལས་ཁ་རེ་ཤེ་ཡའི་དམངས་ཚོགས་ཀྱི་དུས་ཡུན་རིང་པོའི་ཕུགས་འདུན་ཏེ། རྒྱལ་ཁབ་ཀྱི་ཆེས་ལྷོ་རྒྱུད་ས་ཁུལ་དང་ས་ཁུལ་གཞན་དག་དབར་འབྲེལ་མཐུད་མངོན་འགྱུར་བྱུང་ཡོད”ཅེས་ཁ་རེ་ཤེ་ཡའི་ཙུང་ཐུང་ཟུར་པ་དབྱི་ཝོ·གཡོད་ཤིས་པོ་ཝེ་ཆིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད།

    གཡོད་ཤིས་པོ་ཝེ་ཆིས། ཕེ་ལེ་ཧྲ་ཚེ་ཟམ་ཆེན་གྱི་རྣམ་གྲངས་ཁྲོད་ཀྱི་ཀྲུང་གོའི་འཛུགས་སྐྲུན་པ་ཚོའི་གཟེངས་སུ་ཐོན་པའི་མཚོན་ཚུལ་ལ་མི་རྣམས་ཀྱི་ཡིད་ཆེས་ཐོབ་ཡོད་ལ། ཚད་གཞི་མཐོ་པོས་དཀའ་གནད་ཆེ་བའི་རྣམ་གྲངས་འཛུགས་སྐྲུན་གྱི་འཇོན་ཐང་ཡང་མངོན་ཡོད། དེས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་གོ་སྐབས་གསར་པ་མཁོ་འདོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།

    “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། གྲོགས་ཚོགས་ཀྱང་ཇེ་མང་དུ་ཕྱིན་ནས་དེང་སྐབས་འཛམ་གླིང་གི་ཁྱབ་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ནས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད”ཅེས་གཡོད་ཤིས་པོ་ཝེ་ཆིས་བརྗོད། ཁོང་གིས་མཉམ་འབྲེལ་མཉམ་མཐུད་དང་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དེས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དར་རྒྱས་ཡོང་བ་བཅས་ལ་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བྱས་ཏེ་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་བཅག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཆོག་ཅེས་བརྗོད།

    གཡོད་ཤིས་པོ་ཝེ་ཆིས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་ནི་ཧ་ལམ་ལོ་30ཡི་གོང་དུ་ཡིན། ཁོང་གིས“ལོ་དེ་དག་ནང་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པར་གྱུར་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་མདུན་སྐྱོད་ཀྱི་གོམ་སྟབས་སྔར་བཞིན་རྒྱུན་འཁྱོངས་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    གཡོད་ཤིས་པོ་ཝེ་ཆིས་འདས་ཟིན་པའི་ལོ་བཅུ་ཕྲག་ནང་ཀྲུང་གོར་མངོན་གསལ་དོད་པའི་ཡར་རྒྱས་བྱུང་བ་དེ་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་སྣེ་མང་ཅན་གྱི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འབད་བརྩོན་དང་གཅིག་ལ་གཅིག་བརྟེན་ཡིན་པ་དང་། དེས་ཀྲུང་གོ་དང་འཛམ་གླིང་གི་ས་ཁུལ་གཞན་དག་དབར་མཉམ་ལས་རྒྱ་ཁྱབ་བྱེད་པར་སྐུལ་མ་ཐེབས་ཡོད། ལོ་10ལྷག་ཙམ་རིང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་འོག་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རྣམ་གྲངས་མང་པོ་ལག་ལེན་བསྟར་བས་ཀྲུང་གོ་དང་མཉམ་ལས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།