དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འགན་སྲུང་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་སྤེལ་རེས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-20

    ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་ང་ལྔ་པ་འཚོག་རིང་། “འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འགན་སྲུང་ཐད་ཀྱི་ཀྲུང་གོའི་ཉམས་མྱོང”གི་བརྗོད་དོན་གཙོ་བོའི་ཞོར་ཚོགས་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་འཚོགས་ཤིང་། ཞོར་ཚོགས་དེ་ནུབ་བྱང་སྲིད་ཁྲིམས་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། ཐང་རྒོད་བཅོས་སྐྱོང་། འཇིགས་སྐུལ་ལ་ངོ་རྒོལ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཁེ་དབང་སོགས་ཀྱི་གྲོས་གཞིར་དམིགས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འགན་སྲུང་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་སྤེལ་རེས་དང་འཚོལ་ཞིབ་བྱས་ཡོད།

    ནུབ་བྱང་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥན་ཅིའུ་ལི་ཡིས། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འགན་སྲུང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་སྲུང་གི་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད་པས། རྒྱལ་ཁབ་དང་ས་ཁུལ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་དང་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཟམ་མི་ཆད་པར་འགྲོ་བར་སྐུལ་འདེད་གཏོང་ཐུབ་ཅེས་བརྗོད།

    ཨ་རིའི་མིང་ཉི་སུའུ་ཏ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥང་ཆང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་རིག་གཞུང་སྤེལ་རེས་དང་། བཅའ་ཁྲིམས་ཞིབ་འཇུག འགྲོ་བ་མིའི་ཐོབ་ཐང་ཐད་སྐད་ཆ་ཤོད་རེས་བཅས་བརྒྱུད་ཕན་ཚུན་རྒྱུས་མངའ་ལོན་ཤུགས་ཆེ་རུ་གཏོང་ཆོག་པ་དང་ཕན་ཚུན་སྐད་ཆ་ཤོད་རེས་དང་མཉམ་ལས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འགན་སྲུང་ཐད་ཀྱི་ལག་ལེན་ཞིབ་ཕྲ་མཉམ་དུ་འཚོལ་ཞིབ་ཀྱང་བྱེད་ཆོག་པའི་ངོས་འཛིན་བྱས་པ་རེད།

    ནུབ་བྱང་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་མཱ་ཁྲེང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་བཅའ་ཁྲིམས་མ་ལག་ཆ་ཚང་པོ་འཛུགས་པ་ནས་གསར་དུ་བཏོན་པའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་བར་ཀྲུང་གོས་དབུལ་པོ་ཉུང་གཏོང་དང་མཉམ་དུ་ཕྱུག་པོ་ཆགས་རྒྱུར་བཅའ་ཁྲིམས་ཀྱི་ཐོག་ནས་འགན་སྲུང་བརྟན་པོ་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།