དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-20

    མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་ང་ལྔ་པའི་ཐོག་གཏམ་བཤད་སྤེལ་སྐབས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་མ་ཟད། ད་དུང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་ཀྱང་བྱས་པ་རེད།

    ཁྲེན་ཤུས་ཀྱིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད་ལ། རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་འདྲ་མཉམ་ཐོག་མཐོང་ཆེན་དང་དོ་སྙོམས་ངང་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དོན་འཁྱོལ་མགྱོགས་པོ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་གོང་མར་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་སོགས་རྒྱལ་ཁབ་80ཡིས་བཏོན་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་གཅིག་མཐུན་བྱུང་ཡོད། ང་ཚོས་གྲོས་ཆོད་དོན་འཁྱོལ་ནུས་ལྡན་ཐུབ་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཁྲེན་ཤུས་ཀྱིས། ཞི་བདེ་དང་། འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ཀ་རྟེན་ཆེན་པོ་གསུམ་ནི་གཅིག་ལ་གཅིག་བརྟེན་ཡིན་པས་དེ་གསུམ་ནས་གཅིག་མེད་ནའང་མི་འགྲིག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ཁག་གིས་དབང་ཆ་སྤྲད་པ་ལྟར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྒྲིག་གཞིས་དྲང་གཞག་དང་དོན་དངོས་དང་མཐུན་པའི་སྒོ་ནས་ལས་དོན་སྤེལ་དགོས་ཤིང་། གདམ་གའི་རང་བཞིན་མིན་པ་དང་ཆབ་སྲིད་ཅན་མིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཁག་ལ་དགེ་མཚན་ལྡན་པའི་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་གཏོད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།