དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེའི་མོ་ཏེ་ས་ཚིགས་ཀྱི་འགྲན་བསྡུར་མཇུག་འགྲིལ་བ།

    རྒྱལ་ཁབ་རུ་ཁག་ནང་ཚུད་པའི་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་3དང་ཟངས་ཀྱི་རྟགས་མ་2ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-20

    ཚེས་18ཉིན་གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་མཇུག་འགྲིལ་བའི་གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེའི་མོ་ཏེ་ས་ཚིགས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་4དང་ཟངས་ཀྱི་རྟགས་མ་2ཐོབ་ཅིང་། དེའི་ནང་རྒྱལ་ཁབ་རུ་ཁག་ནང་ཚུད་པའི་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་3དང་ཟངས་ཀྱི་རྟགས་མ་2ཐོབ་ཡོད་པ་རེད།

    ས་ཚིགས་དེའི་འགྲན་བསྡུར་དུས་ཡུན་ཉིན་ལྔ་ཡིན་ཞིང་། སྐྱེས་པ་དང་བུད་མེད་ཀྱི་ཐད་ཤུད་མྱུར་འགྲན་དང་། ཐག་ཐུང་འགྲན་བསྡུར། མི་སྒེར་གྱི་རི་ཀླུང་གངས་ཤུད། ཕོ་མོ་མཉམ་བསྲེས་ཀྱི་མཐུད་རྒྱུག་བཅས་རྣམ་གྲངས་ཁག་7བཀོད་སྒྲིག་བྱས་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་ཁག་17ནས་ཡོང་བའི་བདམས་ཐོན་པ་106འགྲན་བསྡུར་ནང་ཞུགས་ཡོད་པ་རེད། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱི་U18ཚོགས་ཆུང་གི་ཐད་ཤུད་མྱུར་འགྲན་དང་། མི་སྒེར་གྱི་རི་ཀླུང་གངས་ཤུད། ཕོ་མོ་མཉམ་བསྲེས་ཀྱི་མཐུད་རྒྱུག་བཅས་རྣམ་གྲངས་གསུམ་གྱི་ཨང་དང་པོ་དང་ཐག་ཐུང་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ་དང་། གཡུ་སྒྲོན་ལྷ་མོར་བུད་མེད་ཀྱི་U20ཚོགས་ཆུང་གི་ཐད་ཤུད་མྱུར་འགྲན་གྱི་ཨང་གསུམ་པ་ཐོབ་པ། བུ་མོ་ཨ་ནན་ལ་བུད་མེད་ཀྱི་U18ཚོགས་ཆུང་གི་ཐད་ཤུད་མྱུར་འགྲན་གྱི་ཨང་ལྔ་པ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་རང་ལྗོངས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་ལ་རྒྱལ་ཁ་ཐོབ་པའི་གཏམ་བཟང་བསྟུད་མར་གྲགས་ཡོད་པ་རེད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སུ་རང་ལྗོངས་ཀྱིས་ཚོགས་པ་བསྒྲིགས་ནས་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པ་མ་ཟད། གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1ཐོབ་པ་དང་ཨང་4པ་ནས་8པའི་བར་ཐོབ་མཁན་11བྱུང་ཡོད། ཟླ་3ཚེས་2ནས་ཚེས་6ཉིན་བར་གཉེར་བའི་2024ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ལ་ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་7གྱི་གསེར་གྱི་རྟགས་མ་7ཐོབ་པའི་ནང་རྒྱལ་ཁབ་རུ་ཁག་ལ་ཚུད་པའི་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ་3 ཟངས་ཀྱི་རྟགས་མ་2བཅས་ཐོབ་པ་དང་། ཨང་4པ་ནས་8པའི་བར་ཐོབ་མཁན་10བྱུང་ཡོད། ཟླ་3ཚེས་8ནས་ཚེས་10ཉིན་བར་གཉེར་བའི་2024ལོའི་གངས་ཤུད་རི་འཛེག་གི་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་ནང་རྒྱལ་ཁབ་རུ་ཁག་ལ་ཚུད་པའི་རང་ལྗོངས་ཀྱི་ལུས་རྩལ་པར་དངུལ་གྱི་རྟགས་མ་1དང་ཟངས་ཀྱི་རྟགས་མ་1ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།