དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་ཀྱི་བརྡ་ལན་རིམ་པ་བཞི་པ་ལག་ལེན་བསྟར་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-19

    ཟླ་3ཚེས་16ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་བརྡ་ལན་རིམ་པ་བཞི་པ་ལག་ལེན་བསྟར་འགོ་ཚུགས་པ་རེད། མིག་སྔའི་བར་མེ་གསོད་ལས་དོན་པ་735དང་ཐད་འཕུར་གནམ་གྲུ་7གྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་ཐོན་ཡུལ་དུ་མེ་གསོད་ལས་དོན་སྤེལ་བཞིན་ཡོད་པ་རེད།

    ཟླ་3ཚེས་15ཉིན་གྱི་ཆུ་ཚོད་17ཙམ་ལ་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོའི་ཉེ་འགྲམ་དུ་ནགས་ཚལ་གྱི་མེ་སྐྱོན་ཐོན་པ་དང་། རྗེས་སུ་མེ་སྐྱོན་བྱུང་སར་གློ་བུར་དུ་ལྷགས་པ་ཇེ་ཆེར་སོང་ནས་མེ་སྐྱོན་མགྱོགས་མྱུར་གང་སར་ཁྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།