དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་ཉག་ཆུའི་ནགས་ཚལ་མེ་སྐྱོན་ཁྲོད་གནས་སྐབས་མི་སྣ་ཤི་རྨས་བྱུང་མེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-19

    ཟླ་3ཚེས་17ཉིན་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་མེ་སྐྱོན་ཐོན་ཡུལ་དུ་འབྱོར་ནས་མེ་གསོད་འགོ་ཚུགས་པ་རེད།

    གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་17ཉིན་གྱི་ཆུ་ཚོད་10པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོར་ཐོན་པའི་ནགས་ཚལ་མེ་སྐྱོན་ཁྲོད་མི་སྣ་ཤི་རྨས་བྱུང་མེད་པ་དང་། མེ་སྐྱོན་འབྱུང་རྐྱེན་ཡང་ད་ལྟ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    ཟླ་3ཚེས་15ཉིན་གྱི་ཆུ་ཚོད་17ཙམ་ལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོར་ནགས་ཚལ་གྱི་མེ་སྐྱོན་ཐོན་པ་དང་། རྗེས་སུ་མེ་སྐྱོན་བྱུང་སར་གློ་བུར་དུ་ལྷགས་པ་ཇེ་ཆེར་སོང་སྟེ་མེ་མགྱོགས་མྱུར་ལྷོ་ངོས་ནས་བྱང་ངོས་ཀྱི་མེ་སྐྱོན་ཐོན་ཡུལ་གསུམ་ལ་མཆེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།