དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིར་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-19

    རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བླང་བྱ་ཞིག་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་བབ་དང་རྒྱལ་སྟོབས་ལ་བརྟག་དཔྱད་གལ་ཆེན་བྱེད་པ་ཞིག རང་རྒྱལ་གྱི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་གཞི་ཆེའི་ཐབས་ཇུས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པས་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། དངུལ་ལོར་གྱི་དངུལ་རྩའི་ཞབས་ཞུ་དང་དངུལ་རྩའི་ལས་རིགས་ཀྱི་དཔལ་འབྱོར་ཡོངས་བཤེར་ལས་དོན་གཞན་དག་བོད་དུ་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། ཉེ་ཆར། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་ཕྱོགས་ནས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    མི་དམངས་དངུལ་ཁང་གི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཡན་ལག་དངུལ་ཁང་དང་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་60ལྷག་ཙམ་ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།