དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས།

    ལྷོ་ཁ་གྲོང་ཁྱེར་དུ་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི“དམིགས་ས་ལྔའི”ལས་དོན་དོན་འཁྱོལ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-19

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་སྨན་ཁང་དང་། རྫོང་སྨན་རྩིས་ཁང་། རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། བསམ་ཡས་སྡེ་ཁུལ་འཕྲོད་བསྟེན་ཁང་། རྔ་སྒྲ་ཤང་འཕྲོད་བསྟེན་ཁང་སོགས་སུ་ཕེབས་ནས“དམིགས་ས་ལྔའི”ལས་དོན་དོན་འཁྱོལ་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བསྟན་དོན། “མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ཀྱི་གནད་དོན་ལ་དམིགས་ཏེ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་ཉུང་དུ་གཏོང་བ་དང་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་མང་དུ་གཏོང་དགོས། སྨན་བཅོས་འགན་སྲུང་དང་། རྒན་གསོའི་ཞབས་ཞུ། བདེ་ཐང་འདེགས་སྐྱོར་བཅས་ཀྱི་མ་ལག་འཐུས་སྒོ་ཚང་གཏོང་བ་དང་འཛུགས་པར་སྐུལ་འདེད་བཏང་ནས་བདེ་ཐང་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་དང་། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སྨན་བཅོས། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་སྐྱ་གྲིབ་ཕོག་མཁན་ནད་པར་བཤེར་བཅོས་སོགས་ཀྱི་དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོ་སྒྲུབ་དགོས། བྱ་ཐབས་སྣ་ཚོགས་སྤྱད་དེ་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་དང་། ཞབས་ཞུའི་ཆུ་ཚད། སྤྱི་ཡོངས་ཀྱི་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། “གཅིག་སྡུད་གཉིས”ཀྱི་སྒྲིག་གཞིའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུ་ལྟེ་གནས་ཀྱི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་རྒན་གསོའི་ཞབས་ཞུའི་མ་ལག་ཧུར་ཐག་གཏོད་དགོས། “དམིགས་ས་ལྔའི”བླང་བྱ་དོན་འཁྱོལ་བྱ་རྒྱུ་སྤྱི་འདོམས་སུ་བྱས་ཏེ་དམངས་འཚོའི་བྱ་བ་དངོས་དང་། ཚགས་དམ་པའི་སྨན་བཅོས་མཉམ་བཅོས་འཛུགས་སྐྱོང་། “དྲ་སྦྲེལ+སྨན་བཅོས་བདེ་ཐང”འཛུགས་གཏོད། སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་གཙོ་གནད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།