དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-19

     ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་འཆར་ཉེར་ཡོད་པ་དང་བསྟུན་ནས། ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བཞིན་ཡོད་པ་དང་ཡུལ་སྐོར་ལས་དོན་ཁང་དང་གསོལ་མགྲོན་ཁང་ཁག་གིས་ཡུལ་སྐོར་ལམ་ཐིག་དང་། ཞག་སྡོད། བཟའ་བཏུང་སོགས་སྣ་མང་ཅན་གྱི་ཡུལ་སྐོར་འཛད་སྤྱོད་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་ནས་སྔོན་མངག་གི་མཐོ་རླབས་བསུ་བཞིན་ཡོད་པ་རེད།

    རི་བོ་གནམ་ལྕགས་འབར་བ་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་པའོ་ཆིང་གིས། ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཐོན་རྫས་སྔོན་མངག་གི་ཚ་རླབས་སྔོན་ཚུད་ནས་འཕྱུར་ཞིང་། ན་ནིང་ལོ་མཇུག་ནས་བློ་འདྲི་བྱེད་མཁན་ཡོད་པ་དང་འདི་ལོའི་ཟླ་2པར་མངག་ཐོ་ལེན་འགོ་བརྩམས་ཡོད། མིག་སྔར་ཡུལ་སྐོར་བའི་མི་གྲངས་ན་ནིང་གི་དུས་མཚུངས་ལས་མང་བ་ཡོད་ལ། ཡུལ་སྐོར་ལས་དོན་ཁང་གིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་ཡུལ་སྐོར་སྣེ་ཤན་པ་སོགས་ལེ་ལག་ཚང་བའི་ཐོན་ཁུངས་མཁོ་འདོན་ཧུར་ཐག་དང་ཡུལ་སྐོར་ལམ་ཐིག་རྩེ་གྲ་མང་པོ་བཏོད་དེ་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་སྐོང་རྩིས་ཡོད་ཅེས་གསར་འགོད་པར་བཤད།

    ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ལ་བསུ་བ་ཞུ་ཆེད། ང་ཚོས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་མགྲོན་ཁང་ཁག་ལ་ཁམ་བུའི་མེ་ཏོག་གི་མཛེས་རྒྱན་ཡང་སྤྲད་ཡོད། ཟླ་3ཚེས་20ཉིན་ནས་ཟླ་4ཚེས་10ཉིན་བར་གསོལ་མགྲོན་ཁང་དུ་ཉིན་ལྟར་ཁང་པ་མངགས་མཁན་60%ཡན་ཟིན་པ་དང་། བར་གྱི་ཉིན་ཁ་ཤས་ནང་ཁང་པ་སྟོང་པ་གཅིག་ཀྱང་ལྷག་མེད་ཅེས་ཀྲུང་ཧེང་གསོལ་མགྲོན་ཁང་ཆེ་མོའི་ཕྱིར་ཚོང་པུའི་ཅིང་ལི་ཕུའུ་མིང་ཞཱ་ཡིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།