དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བྱིའུ་ཤིང་མངར་གྱི་ཐོན་ལས་ལ་བརྟེན་ནས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-18

    འདི་ནི་རྟའུ་རྫོང་མོ་རིམ་ཤང་ཧྲི་ཏེའོ་གྲོང་ཚོའི་གྲོང་མིས་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་ཡག་སྒྲུག་རྒྱག་བཞིན་པ།

    འདི་ནི་རྟའུ་རྫོང་མོ་རིམ་ཤང་ཧྲི་ཏེའོ་གྲོང་ཚོའི་གྲོང་མིས་སི་ཁྲོན་ནུབ་རྒྱུད་ས་མཐོའི་ཤན་ཧྲུའི་ཆུ་འགྲམ་དུ་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་འཛུགས་བཞིན་པ།

    འདི་ནི་རྟའུ་རྫོང་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་གླིང་གི་བཟའ་བཅའ་ཀུང་སིའི་ཐུམ་སྒྲིལ་འཁོར་ཁང་དུ་བཟོ་པས་བྱིའུ་ཤིང་མངར་གྱི་བཏུང་བྱ་རྩིག་བཞིན་པ།

    འདི་ནི་རྟའུ་རྫོང་གི་འཆི་མེད་སྒྲོལ་མས་བྱིའུ་ཤིང་མངར་གྱི་བཏུང་བྱ་སྟོན་བཞིན་པ།

    འདི་ནི་རྟའུ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་གླིང་གི་བཟའ་བཅའ་ཀུང་སི་ཞིག་ཏུ་བཟོ་པས་བཏུང་བྱ་བཟོ་བར་མཁོ་བའི་བྱིའུ་ཤིང་མངར་གྱི་འབྲས་བུ་ལེགས་འདེམས་བྱེད་བཞིན་པ།

    འདི་ནི་རྟའུ་རྫོང་མོ་རིམ་ཤང་ཧྲི་ཏེའོ་གྲོང་ཚོའི་གྲོང་མིས་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་ལེགས་འདེམས་བྱེད་བཞིན་པ།

    འདི་ནི་རྟའུ་རྫོང་མོ་རིམ་ཤང་ཧྲི་ཏེའོ་གྲོང་ཚོའི་གྲོང་མིས་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་འདེབས་འཛུགས་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་རྟའུ་རྫོང་མོ་རིམ་ཤང་ཧྲི་ཏེའོ་གྲོང་ཚོའི་གྲོང་མིས་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་འདེབས་འཛུགས་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་རྟའུ་རྫོང་མ་ཟུར་ཤང་དར་བ་གྲོང་ཚོའི་ལས་བྱེད་པ་ཆིང་ཧུང(གཡོན)གིས་གྲོང་མིར་སི་ཁྲོན་ནུབ་རྒྱུད་ས་མཐོའི་ཤན་ཧྲུའི་ཆུ་བོའི་འགྲམ་དུ་འདེབས་རྒྱུའི་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་བགོ་འགྲེམས་རྒྱག་བཞིན་པ།

    བྱིའུ་ཤིང་མངར་ནི་སི་ཁྲོན་གྱི་ནུབ་རྒྱུད་དང་། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་མཐོའི་ཁུལ་དུ་སྐྱེ་བ་དང་། དེར་ས་ཁོངས་ཀྱི་གནམ་གཤིས་ལེགས་སྒྲིག་དང་རླུང་འགོག་བྱེ་འཇགས་སོགས་ཀྱི་ནུས་པ་ལྡན་ཡོད། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རྟའུ་རྫོང་གི་ཡུལ་མི་ཚོས་དེར་བྱིའུ་ཤིང་ཟེར་ཞིང་། ཤིང་དེར་སྐྱེ་ཁམས་ཀྱི་རིན་ཐང་དང་སྨན་དང་བཟའ་བཅའ་གཉིས་སྤྱོད་སོགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་ལ། དེའི་ལོ་མས་ཇ་ལོ་བཟོ་བ་དང་འབྲས་བུས་བཏུང་བྱ་མངར་མོ་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲོམ་རའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རྟའུ་རྫོང་གིས་འཆར་གཞི་ཡོད་པའི་སྒོ་ནས་བྱིའུ་ཤིང་མངར་གྱི་སྡོང་ཕྲུག་བཏབ་ནས་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་ཟམ་མི་ཆད་པར་སྐྱེད་སྲིང་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ལ་བགོ་འགྲེམས་རྒྱག་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཀར་འཇུག་པ། ཞིང་པའི་ས་ནས་ཞིང་ལས་ཐོན་ཟོག་ཉོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རྫོང་དེའི་ཤང་དང་གྲོང་རྡལ་6གི་དུད་ཚང་2000ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།