དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་འདི་ཉིད་མཁའ་འགྲུལ་གྱི་འགྲུལ་པ་མང་ཤོས་ཀྱི་རྒྱལ་ཁབ་ལ་འགྱུར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-18

    ཉེ་ཆར། ཝུའུ་ཧན་ཐེན་ཧོ་རྒྱལ་སྤྱིའི་གནམ་ཐང་གིས་འབྲེལ་ཡོད་མཁའ་འགྲུལ་ཀུང་སིའི་ལས་དོན་པ་དང་མཉམ་དུ་གནམ་གྲུའི་ཐོག་གི་གངས་འཁྱགས་མེད་པ་བཟོས་ཏེ་དུས་གཏན་གནམ་གྲུའི་འཁོར་སྐྱོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

    རྒྱལ་སྤྱིའི་གནམ་ཐང་མཐུན་ཚོགས(ACI)ཀྱིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་གྱི་གོ་ལ་ཧྲིལ་པོའི་གནམ་ཐང་གི་འགྲུལ་རྒྱུན་སྔོན་དཔག་སྙན་ཞུ(WATF)གསར་ཤོས་ལས་མངོན་པར། འབྱུང་འགྱུར་གྱི་ལོ་བཅུ་གྲངས་ནང་ཀྲུང་གོས་མཁའ་འགྲུལ་ཡུལ་སྐོར་གྱི་དགོས་མཁོའི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོའི་གནས་བབ་བཟུང་རྒྱུ་རེད། ACIཡིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་141གི་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད་2052ལོའི་མཁའ་འགྲུལ་འགྲུལ་རྒྱུན་གྱི་འགྱུར་ལྡོག་ལ་སྔོན་དཔག་བྱས་ཡོད།

    གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་ཏུ་སླེབས་སྐབས་གོ་ལ་ཧྲིལ་པོའི་མཁའ་འགྲུལ་གྱི་འགྲུལ་སྐྱེལ་མི་ཐེངས་དུང་ཕྱུར་97ཟིན་རྒྱུ་རེད། 2024ལོ་ནས་2042ལོ་བར་སྔོན་དཔག་བྱས་ན་གོ་ལ་ཧྲིལ་པོའི་གནམ་གྲུར་སྡོད་མཁན་འགྲུལ་པའི་མི་ཐེངས་བསྡོམས་འབོར་ལྡབ་འཕར་ཡོང་རྒྱུ་ཡིན་པ་བསྟན་ཡོད།

    གནས་ཚུལ་སྤེལ་བ་གཞིར་བཟུང་། 2023ལོར་མཁའ་འགྲུལ་གྱི་འགྲུལ་པའི་མི་ཐེངས་ཨང་རིམ་མདུན་གྲལ་5པར་སླེབས་པའི་རྒྱལ་ཁབ་ནི་ཨ་རི་དང་། ཀྲུང་གོ རྒྱ་གར། སི་ཕེན། དབྱིན་ཇི་བཅས་ཡིན་པ་དང་། 2042ལོར་སླེབས་སྐབས་ཨང་རིམ་དེ་ཀྲུང་གོ་དང་། ཨ་རི། རྒྱ་གར། ཧིན་རྡུ་ཉི་ཞི་ཡ། སི་ཕེན་བཅས་ལ་འགྱུར་རྒྱུ་རེད།

    —— ཨ་རིའི《ཚོང་དོན་ཡུལ་སྐོར་བའི》དུས་དེབ་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།