དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཧའེ་ནན་གྱི་ས་ཁོངས་སུ་ཡོང་མཁན་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལྷུག་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-18

    ཧའེ་ནན་སན་ཡཱ་ཧྥུང་ཧོང་རྒྱལ་སྤྱིའི་གནམ་ཐང་དུ་ཨ་ལ་མུ་ཐུའུ་ནས་སན་ཡཱ་རུ་འབྱོར་བའི་འགྲུལ་པས་ཧྥུང་ཧོང་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་འགྲོ་ལུགས་གཉེར་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡིང་ཆོན་གྱིས་པར་བླངས།

    ཀྲུང་གོས་རྒྱལ་ཁབ་ཁ་ཤས་ཀྱི་མི་སྣར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཧའེ་ནན་གྱི་ས་ཁོངས་སུ་ཡོང་མཁན་ལ་སྲིད་ཇུས་སྔར་བས་ལྷུག་ཏུ་བཏང་བའི་ནང་ཨུ་རུ་སུ་དང་། ཧྥ་རན་སེ། ཨ་རི། པར་ཙིར། རི་པིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཚུད་ཡོད།

    རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་སྤྱི་བསྒྲགས་ལ་གཞིགས་ན། གལ་ཏེ་རྒྱལ་ཁབ་འདི་དག་གི་སྤྱི་དམངས་ཚོང་དོན་དང་། འཚམས་འདྲི། གཉེན་ཉེ་ཐུག་འཕྲད། སྨན་བཅོས། ཚོགས་འགྲེམས། ཡང་ན་ལུས་རྩལ་རྩལ་འགྲན་སོགས་ཀྱི་དགོས་མཁོའི་དབང་གིས་ས་ཁོངས་ནང་ཡོང་དགོས་ཚེ་ཧའེ་ནན་དུ་ཉིན་30ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས།

    གནས་ཚུལ་སྤེལ་བའི་ནང་བྱེད་ཐབས་དེའི་དམིགས་ཡུལ་ནི་ཧའེ་ནན་གྱི་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཡོད།

    དེ་གོང་གི་སྲིད་ཇུས་ནང་རྒྱལ་ཁབ་འདི་དག་གི་ཡུལ་སྐོར་བར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཧའེ་ནན་དུ་སྐྱོད་ཆོག་མོད་ཡིན་ན་ཡང་དེའི་ནང་ཡུལ་སྐོར་ཁོ་ན་ལས་ཚུད་མེད།

    གཞུང་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། ཡུལ་སྐོར་ལས་རིགས་སླར་གསོ་བྱུང་བའི་རྐྱེན་གྱིས་2023ལོར་ཧའེ་ནན་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་9000ཙམ་ལ་སྣེ་ལེན་ཞུས་པས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་9.2%འཕར་ཡོད།

    —— ལ་ཏིང་མེ་གླིང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།