དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲོགས་པོ་ཕྱི་རྒྱལ་བའི་པར་ཆས་ནང་གི་ཀྲུང་གོའི་གྲོང་གསེབ་ཀྱི་རྣམ་པ།

    ཐོན་ལས་དར་ཞིང་རྒྱས། སྡོད་མལ་ཁོར་ཡུག་ལེགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2024-03-17

    ཀྲུང་གོར་ལས་ཀ་དང་སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་བའམ་ཡང་ན་ཀྲུང་གོར་འཚམས་འདྲིར་ཡོང་མཁན་གྲོགས་པོ་ཕྱི་རྒྱལ་བ་མང་པོ་ཞིག་གིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་པར་ཆས་ལ་བརྟེན་ནས་ཀྲུང་གོའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་ཟིན་ཐོར་བཀོད་དེ། དུས་རབས་གསར་པའི་ཀྲུང་གོའི་གྲོང་གསེབ་ཀྱི་འཕོ་འགྱུར་ཆེན་པོ་རང་ཉིད་ངོ་མས་མྱོང་ཚོར་བྱེད་ཀྱི་ཡོད་པ་རེད།

    ལོ་ངོ་སྟོང་གི་ཚྭ་ཞིང་།

    རྫ་ཆུའི་ངོགས་སུ་གནས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོ་ནི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་གྲོང་ཚོ་ཞིག་རེད་ལ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རིག་གནས་ཡུལ་སྐོར་གྱི་གྲོང་ཚོ་ཞིག་ཀྱང་རེད། གནའ་བོའི་ཚྭ་ཞིང་རིམ་པ་སྟར་ཆགས་ཀྱིས་གཙང་པོའི་ངོགས་གཉིས་སུ་ཆགས་པ་དང་ཐུན་མོང་མ་ཡིན་པའི་གདོད་མའི་ཚྭ་སྐམ་སྟངས་དང་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གིས་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་བའི་ཡིད་དབང་བཀུག་པས་ཡུལ་དེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    དབྱིན་ཇིའི་མའེ་ཁེ·ཧྥུའུ་ལི་མན་གྱིས་པར་བརྒྱབ་པ།

    ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ།

    སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ཧའེ་མའེ་འདེབས་ལས་ཚན་རྩལ་གླིང་དུ་ཡོད་པའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ཞིང་ནང་དུ་སྔོ་ཚལ་འདེབས་གསོ་དང་སོན་གསར་འདེབས་གསོའི་ལས་དོན་སྤེལ་གྱི་ཡོད།

    ཅིན་ལི་ཐེན་གྱིས“ངས་བལྟས་ན་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་ཞིང་ལས་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་རྒྱ་ཆེན་པོ་འདུག མིག་སྔར་ངས་རྒྱལ་ཁབ་གཉིས་པོའི་ཞིང་ལས་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཕན་ཚུན་སྤེལ་རེས་ལ་སྐུལ་འདེབས་བྱ་རྒྱུར་ཧུར་ཐག་གཞོལ་ནས། སླད་ཕྱིན་སྦྱངས་པའི་ཆེད་ལས་ཤེས་བྱ་སྤྱད་དེ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་མཆོག་རམས་པ་ཅིན་ལེ་ཐེན་གྱིས་པར་བརྒྱབ་པ།

    གྲངས་འཛིན་ནུས་པ།

    རྒྱལ་ཁབ་ཀྱི་གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ཅང་སུའུ་ནན་ཅིང་གྲོང་ཁྱེར་ཕུའུ་ཁོའུ་ཆུས་ཀྱིས་རིག་ལྡན་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ཡོད། འདི་ནི་ནན་ཅིང་རྒྱལ་ཁབ་ཞིང་ལས་གསར་གཏོད་ལྟེ་གནས་ཀྱི་སྐྱོང་སྤེལ་འགྲེམས་སྟོན་རྟེན་གཞིས་རིག་ནུས་ཞིང་ལས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་བརྒྱུད་ཞིང་ནང་དང་མུ་ཁའི་གནས་ཚུལ་གནད་སྨིན་ངང་ཞིབ་དཔྱད་ཚད་ལེན་ཐུབ་ཀྱི་ཡོད།

    ཝུའེ་ཐ་ལི·དབྱི་ཀེ་ན་ཐུའོ་ཝུའེ་ཆི་ཡིས“ཀྲུང་གོའི་སྲོལ་རྒྱུན་ཞིང་ལས་དེ་རིག་ལྡན་ཞིང་ལས་ལ་ཕྱོགས་སྒྱུར་རིམ་སྤོར་བྱེད་བཞིན་ཡོད་པས་རབས་གསར་པའི་ཟོག་འབྲེལ་དྲ་རྒྱའི་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་བེད་སྤྱོད་རྒྱ་ཁྱབ་བྱས་པ་དང་ཆབས་ཅིག ཞིང་དུད་སྔར་བས་མང་བས་རིག་ལྡན་ཞིང་ལས་ལས་བྱུང་བའི་སྟབས་བདེ་དང་ཕན་ནུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དེའང་ང་ཚོས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་རིང་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་རེད”ཅེས་བརྗོད། ཅང་སུའུ་ཨ་ནུང་ཟོག་འབྲེལ་དྲ་རྒྱ་ཚད་ཡོད་ཀུང་སིའི་ཨོ་སི་ཁྲུ་རི་ཡ་ནས་ཡིན་པའི་སྤྱི་ཁྱབ་ཅིང་ལི་ཝུའེ་ཐ་ལི·དབྱི་ཀེ་ན་ཐུའོ་ཝུའེ་ཆིས་པར་བརྒྱབ་པ།

    མཛེས་སྡུག་ལྡན་པའི་གྲོང་གསེབ།

    ཧུའུ་ནན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཧྭ་ཡོན་རྫོང་ཧྲི་པ་ཏུང་གྲོང་ཚོར་རྡོ་གཅལ་ལམ་དང་རྫ་གཡམ་ཁང་པ་ཕན་ཚུན་འབྲེལ་ནས་རི་ཚོགས་སྟུག་པོའི་ཁྲོད་ཀྱི་རྒྱན་ཆ་ཞིག་ཏུ་འགྱུར་ཡོད། ཧོ་ལན་གྱི་རྒྱ་རིག་པ་མཁས་ཅན་ཕན་ཡོན་ཧྲ་ཡིས་པར་བརྒྱབ་པ།

    དཔྱིད་ཀྱི་མཛེས་ཉམས་ལ་ལྟ་བ།

    ཅང་ཤིས་ནན་ཁྲང་གྲོང་ཁྱེར་ཐའེ་ཕིང་གྲོང་རྡལ་ལེ་ཀང་གྲོང་ཚོར་ཡུལ་སྐོར་བས་ཁེངས་ཤིང་། ཡུལ་དེས་བརྒྱུད་བཤུག་དང་བེད་མེད་དུ་བསྐྱུར་བའི་ས་ཆ་དང་ཁང་པ་སྤྱད་དེ་དམངས་སྲོལ་གནས་ཚང་གཉེར་ནས་ཐོན་ལས་དར་རྒྱས་དང་གྲོང་མིའི་འཚོ་བ་འབྱོར་ཕྱུག་གི་མཛེས་མཐུན་གྲོང་ཚོ་ཞིག་བསྐྲུན་ཡོད་པ་རེད།

    ཨ་ནན་ཐེ་ཡིས“ང་རང་ཀྲུང་གོར་སློབ་སྦྱོང་དང་འཚོ་བ་བསྐྱལ་ནས་ལོ་གཉིས་སོང་བ་དང་རྒྱུན་དུ་ཁོམ་པ་ཡོད་སྐབས་གྲོང་གསེབ་ཏུ་ལྟ་བར་བསྐྱོད་ཀྱི་ཡོད། ཀྲུང་གོའི་གྲོང་གསེབ་ལ་གསོན་ཤུགས་ཀྱིས་ཁེངས་ནས་རང་ཉིད་ལ་དེ་གའི་སྐྱེ་ཁམས་ཁོར་ཡུག་བཟང་བའི་བག་ཆགས་ཟབ་མོ་བྱུང་ལ། གྲོང་མི་ཚོས་ཀྱང་རང་བྱུང་ཁམས་དང་ཉེ་བཅར་བྱས་ནས་དེང་རབས་ཅན་གྱི་འཚོ་བའི་སྤུས་ཚད་ལོངས་སུ་སྤྱོད་ཀྱི་འདུག”ཅེས་བརྗོད།

    རྒྱ་གར་གྱི་ཕྱི་སྦྱོང་སློབ་མ་ཨ་ནན་ཐེ་ཡིས་པར་བརྒྱབ་པ།

    ཐད་གཏོང་བྱས་ནས་ཞིང་ལས་ལ་རམ་འདེགས་བྱས་པ།

    ཧྲན་ཏུང་ཆུས་ཧྥུའུ་གྲོང་ཁྱེར་ལིང་ཁྲེང་གྲོང་རྡལ་གྱིས་ད་ཡོད་ཀྱི་ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་དྲ་ཐོག་ཚོང་དོན་དང་ཞིང་ལས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཞིང་ལས་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས། ཡུལ་དེའི་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    ཤིན་ལི་ཧྲ་ཡིས“ཀྲུང་གོའི་གྲོང་གསེབ་མང་པོ་ཞིག་ཏུ་དྲ་ཐོག་ཚོང་དོན་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད། བརྙན་ལམ་བརྒྱུད་འཛད་སྤྱོད་པས་སྔོ་ཚལ་སོས་པ་དང་། ཤིང་འབྲས་སོས་པ། གྲོ་ཞིབ། བག་ལེབ་སོགས་ཉོ་ཐུབ་ཀྱི་ཡོད། གྲོང་མི་ཚོའི་དྲ་ཐོག་ཚོང་དོན་བྱ་གཞག་སྔར་བས་འཕེལ་རྒྱས་བྱུང་བ་དང་འཚོ་བ་སྔར་བས་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ཆུས་ཧྥུའུ་དགེ་འོས་སློབ་ཆེན་གྱི་ཨུ་རུ་སུའི་ཕྱི་སྦྱོང་སློབ་མ་ཤིན་ལི་ཧྲ་ཡིས་པར་བརྒྱབ་པ།

    གྲོང་གསེབ་ཏུ་ཕུགས་འདུན་གཏོད་པ།

    ཀྲེ་ཅང་ཀྲུའུ་ཅི་གྲོང་ཁྱེར་ཕའེ་ཐོའུ་གྲོང་རྡལ་གྱི་ཞིང་ཁ་ཆུ་མོས་བསྐོར་བ་དང་རྒྱང་རིང་གི་མྱུར་བགྲོད་མེ་འཁོར་དེ་བརྒྱུད་ནས་བསྐྱོད་སྐབས་ཚོན་མདོག་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག་ལྟར་སྣང་།

    པའོ་པོ·པུ་ལུའུ་ཁེ་ཡིས“ངས་རྟག་ཏུ་ཀྲུའུ་ཅིར་དྲ་ཐོག་ཚོང་དོན་གྱི་ལས་ཀ་བྱེད་ཀྱི་ཡོད། དེ་གའི་རི་གྲོང་གི་མཛེས་ལྗོངས་ལྟ་ན་སྡུག་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བས་མྱུར་སྐྱེལ་བསྐུར་མ་གྲོང་མིའི་ཁྱིམ་དུ་ཐད་ཀར་སྐྱེལ་ཐུབ་ཀྱི་ཡོད། དེ་གའི་མི་རྣམས་བརྩེ་བ་ཟབ་ལ་ཕན་ཚུན་རོགས་རམ་བྱ་རྒྱུར་དགའ་བ་དང་མགྲོན་པོར་སེམས་རྩ་འཁོལ་བས་ང་ས་ཆ་དེར་དགའ་པོ་ཡོད”ཅེས་བརྗོད།

    ཁ་ན་ཏའི་པའོ་པོ·པུ་ལུའུ་ཁེས་པར་བརྒྱབ་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།