དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་དབང་པོ་སྐྱོན་ཅན་གྱི་དབང་ཆའི་བརྗོད་དོན་གཙོ་བོའི་བྱེད་སྒོ་མཉམ་དུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-16

     ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་དབང་པོ་སྐྱོན་ཅན་གྱི་དབང་ཆའི་དམིགས་བསལ་སྙན་སྒྲོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་དོན་གཅོད་ཁྲུའུ། དེ་བཞིན་རི་ནེ་ཝར་རྒྱུན་སྡོད་མོ་ཞི་ཁོ་དང་། ནེའུ་ཙི་ལན། ཧྥིན་ལན་བཅས་ཀྱི་འཐུས་མི་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་སོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་དབང་ཆའི་དམིགས་བསལ་ལམ་སྲོལ་བཙུགས་ནས་ལོ་བཅུ་འཁོར་བའི་དྲན་གསོའི་ཞོར་ཚོགས་མཉམ་དུ་འཚོགས་པ་དང་། རྒྱལ་ཁབ་མང་པོའི་ཕྱི་འབྲེལ་དཔོན་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་གཞི་དང་། སྲིད་གཞུང་མིན་པའི་རྩ་འཛུགས། སྨྱན་སྦྱོར་གྱི་གསར་འགོད་པ་བཅས་མི་བརྒྱ་ལྷག་ཙམ་གྱིས་དྲ་ཐོག་དང་དྲ་ཕྱི་ནས་ཚོགས་འདུར་ཞུགས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་དབང་ཆར་སྐུལ་འདེད་དང་འགན་ལེན་བྱེད་རྒྱུའི་ཐད་འདོད་ཚུལ་གསུམ་འདོན་འདོད་ཡོད་པ་སྟེ། གཅིག་ནི་བསྟུན་མཁས་ལ་སྐུལ་འདེད་བཏང་ནས་དབང་པོ་སྐྱོན་ཅན་ལ་དམིགས་པའི་ཕྱོགས་ཞེན་དང་མཐོང་ཆུང་མི་བྱེད་པ་དང་། གཉིས་ནི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཐོགས་མེད་དང་རྒན་འཕྲོད་ཅན་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་རོགས་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གསུམ་ནི་ཞུགས་ཚད་མང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་དང་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ལས་དོན་ནང་འདྲ་མཉམ་ངང་ཞུགས་པར་སྐུལ་འདེད་གཏོང་བ་བཅས་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།