དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་གཏིང་ཟབ་བྱས་ནས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-16

    “ལོ་ཧྲིལ་པོར་རང་འགན་གཙང་སྒྲུབ་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་མང་དུ་གཏོང་བ། རང་འགན་གཙང་སྒྲུབ་སྟབས་བདེ་རུ་གཏོང་བ”བཅས་མངོན་འགྱུར་བྱས་ནས་རྒྱ་ཆེའི་སྤྱི་དམངས་རྣམས་འོས་འགན་ཤིང་འཛུགས་ནང་ཞུགས་པར་དེ་བས་སྟབས་བདེ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་མཚོ་སྔོན་ཞིང་ཆེན་སྔོ་འགྱུར་ཨུ་ལྷན་གཞུང་ལས་ཁང་གིས་འོས་འགན་ཤིང་འཛུགས་ཀྱི་རང་འགན་གཙང་སྒྲུབ་ཀྱི་རྣམ་པ་གསར་པ་བཏོད་དེ“དྲ་སྦྲེལ+”ལས་སྟེགས་འཐུས་སྒོ་ཚང་དུ་བཏང་བ་དང་སྒྲིག་འཛུགས་དང་སྐུལ་སློང་ལ་ཤུགས་སྣོན་བརྒྱབ་སྟེ། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ཟླ་3ཚེས་12ཉིན་བར། མཚོ་སྔོན་གྱི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་དྲ་བའི་ལས་སྟེགས་སུ“དྲ་སྦྲེལ+དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས”ཀྱི་རྣམ་གྲངས་92སྤྱོད་འགོ་ཚུགས་པ་དང་རང་འགན་གཙང་སྒྲུབ་ཀྱི་བྱེད་སྒོ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ལ་ཁྱབ་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་དེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། འོས་འགན་ཤིང་འཛུགས་ཀྱི་རང་འགན་གཙང་སྒྲུབ་ཀྱི་བྱེད་ཐབས་དང་ལས་དོན་སྤེལ་ས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་། “དྲ་ཐོག་ཤིང་འཛུགས”ཀྱི་ཤིང་འཛུགས་དང་སྲུང་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བསྟར་བ། ད་ཡོད་ཀྱི་འོས་འགན་ཤིང་འཛུགས་བྱ་ཡུལ(དཔེར་ན་སྲོལ་རྒྱུན་གྱི་འོས་འགན་ཤིང་འཛུགས་རྟེན་གཞི་དང་སྣེ་ལེན་ཞུ་ཡུལ་སོགས)ཡག་པོ་སྤྱོད་པའི་རྨང་གཞིའི་ཐོག་བཙུགས་ཟིན་པའི་རིམ་པ་ཁག་དང་རིགས་ཁག་གི“དྲ་སྦྲེལ+དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས”རྟེན་གཞི་33ལ་སྐུལ་འདེད་བརྟན་པོ་བཏང་ནས་དམངས་ཡོངས་ཀྱི་ཤིང་འཛུགས་འོས་འགན་ལ་སྟབས་བདེ་སྐྲུན་པ་དང་། གཅིག་སྡུད་དང་ཁ་ཐོར་གྱི་རང་འགན་གཙང་སྒྲུབ་དང་དྲ་ཐོག་དྲ་ཕྱིའི་རང་འགན་གཙང་སྒྲུབ་ཟུང་འབྲེལ་བྱས་ཏེ་རིགས་ཁག་གི་ངལ་རྩོལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། རང་འགན་གཙང་སྒྲུབ་ཀྱི་བྱེད་ཐབས་ནང་ནགས་བཟོ་སྔོ་སྒྱུར་དང་། གསོ་སྐྱོང་དང་གཡོག་བྱེད། རང་བྱུང་སྲུང་སྐྱོང་། ལྕང་སོན་འདེབས་གསོ། སྒྲིག་བཀོད་འཛུགས་སྐྲུན། དངུལ་དང་དངོས་པོ་ཞལ་འདེབས། དང་བླངས་ཞབས་ཞུ་སོགས་ཚུད་ཡོད། སྤྱི་ཚོགས་ཀྱི་སྤྱི་དམངས་དྲ་རྒྱའི་ལས་སྟེགས(དྲ་ཚུགས། http://qinghai.yiwuzhishu.cn)བརྒྱུད་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།