དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། བུད་མེད་ཀྱི་ཉམས་བཟང་རབ་ཏུ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-16

    འདི་ནི་ཀུང་སི་དེའི་བུད་མེད་ལས་བཟོས་DIYཡི་ཀེག་བཟོ་བའི་བྱེད་སྒོར་ཞུགས་ནས་རང་ཉིད་ཀྱིས་བཟོས་པའི་ཀེག་སྟོན་ནས་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི“འགན་འཁྲི་ཕྲག་ཏུ་འཁུར། ཉམས་བཟང་རབ་ཏུ་མངོན”ཞེས་པའི་བྱེད་སྒོའི་དྲན་རྟེན་པར་རྒྱག་བཞིན་པ།

    ཉེ་ཆར་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པ་ཚད་ཡོད་ཀུང་སི་གཉིས་པའི་ལྷ་ས་ཡན་ལག་ཀུང་སིས“འགན་འཁྲི་ཕྲག་ཏུ་འཁུར། ཉམས་བཟང་རབ་ཏུ་མངོན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་བུད་མེད་ལས་བཟོ་ཡོངས་ཀྱིས་དཔེ་ཀློག་མཉམ་སྤྱོད་དང་། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་འཆད་ཁྲིད། DIYཡི་ཀེག་བཟོ་བ་སོགས་ཀྱི་བྱེད་སྒོར་ཞུགས་པ་ལས་བསམ་བློར་ཞུན་བརྡར་དང་ལུས་སེམས་བདེ་པོ་ཡོང་བར་བྱས་ཡོད། ཚང་མས་ཕྱིན་ཆད“གནམ་ཕྱེད་ཀ་འདེགས་པའི”ནུས་པ་མུ་མཐུད་ཧུར་ཐག་བཏོན་ནས་མཛེས་སྡུག་ལྡན་པའི་བོད་གསར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།