དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2023ལོར་རང་ལྗོངས་ཀྱིས་གཞི་རྩའི་དམངས་འཚོ་འགན་ལེན་གྱི་མ་དངུལ་སྒོར་དུང་ཕྱུར་10.46གཤམ་སྤྲོད་བྱས་པ།

    འདི་ལོ“ཤུགས་སྣོན་བདུན་དང་མཐོར་གཏོང་བདུན”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-16

    ཉེ་ཆར། གསར་འགོད་པར་2024ལོའི་ལྗོངས་ཡོངས་ཀྱི་དམངས་སྲིད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོར་ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཤིང་། བདེ་འཇགས་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་། ཐ་གྲས་སྐྱོང་བ། དཀའ་ངལ་མྱུར་སེལ། བརྟན་ལྷིང་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཕུན་ཚོགས་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་གྱི་ཁ་གསབ། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་ལེན། “གཅིག་སྡུད་གཉིས”ཀྱི་སྒྲིག་གཞིའི་མི་སྣའི་གྲོན་དངུལ་བཅས་ཀྱི་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ། གཞི་རྩའི་དམངས་འཚོ་འགན་ལེན་གྱི་མ་དངུལ་སྒོར་དུང་ཕྱུར་10.46སྤྲད་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས(མི་ཐེངས)ཁྲི་38.47ལ་ཕན་པ་ཐོབ་པ། 《སྤྱི་ཚོཊ་རོཊ་སྐྱོབ་ལམ་ལུཊ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》ཕྱོཊ་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མཐའ་མཚམས་ས་ཁོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་9363ལ་ཁྱོན་དངུལ་སྒོར་ཁྲི་482.25(མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་10%)མང་དུ་བཏང་བ། ལྗོངས་ཡོངས་སུ་ཁྱོན་སྤྱི་ཚོགས་རྩ་འཛུགས་878ཐོ་འགོད་བྱས་ནས་བཙུགས་པ་བརྒྱུད་སྤྱི་ཚོགས་རྩ་འཛུགས་ལ་ཏང་འཛུགས་སྐྱོང་ལས་དོན་ཡོངས་སུ་ཁྱབ་པ། ཕན་བདེའི་རྒྱན་ཤོག་ཕྱིར་ཚོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཅིང་། ལྗོངས་ཡོངས་ཀྱི་ཕན་བདེའི་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་8.85ཟིན་པ་དང་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་2.48གྲབས་གསོག་བྱས་པ་དེ། ན་ནིང་གི་དུས་མཚུངས་ལས་88.53%དང་78.95%སོ་སོར་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ཕུན་ཚོགས་བསྟན་འཛིན་གྱིས། 2024ལོར་ལྗོངས་ཡོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མཐའ་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོར་གཏོང་དང་། “རྒན་གཅིག་གཞོན་གཅིག”གི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྒན་གསོའི་ཞབས་ཞུ་དང་བྱིས་པའི་ཕན་བདེའི་ཞབས་ཞུའི་ནུས་པ་དང་འཇོན་ཐང་མཐོར་གཏོང་། སྲིད་འཛིན་ས་ཁོངས་དབྱེ་འབྱེད་དང་ས་མིང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་འབྱེད་ས་མིང་ལས་དོན་གྱི་ཆུ་ཚད་མཐོར་གཏོང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོར་གཏོང་། དགེ་སྒྲུབ་བྱ་གཞག་དང་ཆེད་དོན་ལས་དོན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་ཆུ་ཚད་མཐོར་གཏོང་། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུ་དོ་དམ་གྱི་ཕན་ནུས་མཐོར་གཏོང་། ཏང་གིས་དམངས་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཇོན་ཐང་དང་ཆུ་ཚད་མཐོར་གཏོང་བཅས་ཀྱི“ཤུགས་སྣོན་བདུན་དང་མཐོར་གཏོང་བདུན”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།