དབུ་ཤོག
  • གློག་བསད་རྗེས་ཁ་པར་བལྟས་ན་མིག་ལ་གནོད་པ་ཆེན་པོ་འདི་འདྲ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2024-03-15

    གཟའ་འཁོར་འདི་ནི་འཛམ་གླིང་གི་སྔོ་གྲིབ་མིག་ནད(青光眼)གཟའ་འཁོར་ཐེངས་17པ་དེ་རེད། སྨན་པས་དྲན་སྐུལ་གནང་བར། རྟག་ཏུ་གློག་བསད་རྗེས་ལག་ཐོགས་ཁ་པར་བལྟས་ན་སྔོ་གྲིབ་མིག་ནད་ཕོག་པའི་ཉེན་ཁ་ཡོད་པ་མ་ཟད། དེའི་དབང་གིས་མིག་གི་དབང་རྩ་ཉམས་པའི་ཉེན་ཁ་ཡང་ཡོད།

    རྒྱུན་དུ་དགོང་མོ་ཁང་པའི་གློག་བསད་ནས་ལག་ཐོགས་ཁ་པར་ལྟ་སྐབས། མིག་རབ་རིབ་ཏུ་འགྱུར་བའི་མྱོང་ཚོར་ཡོང་གི་ཡོད། དེ་ནི་མུན་ནག་གི་ཁོར་ཡུག་ཁྲོད་མིག་གི་རྒྱལ་མོ་ཆེ་རུ་འགྲོ་བ་དང་མིག་ཤེས་སྙོམ་སྒྲིག་ནུས་པ་ཞན་དུ་འགྲོ་བའི་རྐྱེན་གྱིས་རེད། གལ་སྲིད་དུས་ཡུན་རིང་པོ་དེ་ལྟར་བྱས་ན། མིག་འབྲས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བ་དང་། ཐ་ན་མིག་ལ་སྔོ་གྲིབ་ནད་ཕོག་པའི་ཉེན་ཁ་ཡོད།

    ལྷོ་ཕྱོགས་གསོ་རིག་སློབ་ཆེན་ལྷོ་ཕྱོགས་སྨན་ཁང་མིག་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཧུང་ཡང་གིས། དུས་ཡུན་ངེས་ཅན་ཞིག་ལག་ཐོགས་ཁ་པར་བལྟས་རྗེས། མིག་ན་བ་དང་མཐོང་ལམ་རབ་རིབ་དུ་གྱུར་བ། ཡང་ན་མགོའི་གཞོགས་གཅིག་ན་བ། སྐྱུག་མེར་ལངས་པ་སོགས་ཀྱི་ཚོར་སྣང་བྱུང་ན། དོས་དྲག་རང་བཞིན་གྱི་སྔོ་གྲིབ་ནད་ཕོག་མིན་ཐད་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་གནང་འདུག

    སྔོ་གྲིབ་ནད་ལ་ནམ་རྒྱུན་མིག་ཤེད་ཀྱི་རྐུན་པོ་ཞེས་འབོད་ཅིང་། དོས་དྲག་རང་བཞིན་གྱི་སྔོ་གྲིབ་ནད་ཕོག་ན་མིག་འཕྲལ་མ་ཉིད་དུ་ལོང་བར་གྱུར་བའི་ཉེན་ཁ་ཡོད་པ་དང་། དལ་བའི་རང་བཞིན་གྱི་སྔོ་གྲིབ་ནད་ཕོག་ན་མཐོང་ལམ་དལ་བུར་རབ་རིབ་ཏུ་སོང་ནས་རིམ་བཞིན་མིག་ཤེས་རྦད་དེ་ཉམས་པའི་ཉེན་ཁ་ཡོད། 

    སྨན་པས་དྲན་སྐུལ་གནང་བར། སྔོ་གྲིབ་ནད་སྔོན་འགོག་བྱེད་ཐབས་ཡག་ཤོས་ནི་དགོང་མོ་ཁང་པའི་གློག་བསད་ནས་ཁ་པར་མི་ལྟ་བ་དེ་ཡིན་པ་དང་། ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ལོ་རེར་མིག་བརྟག་དཔྱད་ཐེངས་རེ་བྱེད་དགོས་ཤིང་། གལ་སྲིད་སྔོ་གྲིབ་ནད་ཕོག་པ་གཏན་འཁེལ་བྱུང་ན་ཚད་ལྡན་སྨན་ཁང་དུ་ཕྱིན་ནས་སྨན་བཅོས་བྱེད་དགོས་པ་དང་ཆབས་ཅིག སེམས་བག་ཡངས་པོ་བྱེད་དགོས། དེའི་རྒྱུ་མཚན་ནི་སྔོ་གྲིབ་ནད་རིགས་ཁ་ཤས་གློ་བུར་དུ་ཕོག་པ་དེ་ནི་མིའི་སེམས་ཁམས་ཐད་གློ་བུར་དུ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཡང་འབྲེལ་བ་ཡོད་པས་རེད།

    ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།