དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་ཉི་ཤུ་པའི་རྣ་ཤེད་ཉམས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བ།

    ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་7དང་། དངུལ་གྱི་རྟགས་མ་7ཟངས་ཀྱི་རྟགས་མ་6བཅས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-15

    ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་12ཉིན་གྱི་དགོང་མོ་སྐབས་ཉི་ཤུ་པའི་རྣ་ཤེད་ཉམས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུར་ཁེའི་ཨེར་ཙུའུ་ལུའུ་མུའུ་རུ་མཇུག་འགྲིལ་བ་རེད། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འཐུས་མི་ཚོགས་པས་འགྲན་བསྡུར་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པར་ཁྱོན་གསེར་གྱི་རྟགས་མ་7དང་། དངུལ་གྱི་རྟགས་མ་7 ཟངས་ཀྱི་རྟགས་མ་6བཅས་ཐོབ་སྟེ་བྱ་དགའི་རྟགས་མའི་མིང་གྲལ་གྱི་ཨང་དང་པོ་དང་གསེར་གྱི་རྟགས་མའི་མིང་གྲལ་གྱི་ཨང་གཉིས་པར་བསླེབས་ནས། ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།

    ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འཐུས་མི་ཚོགས་པ་ནི་རྣ་ཤེད་ཉམས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་བཞི་པ་ཡིན་ཞིང་། ད་ཐེངས་ལུས་རྩལ་པ་27མངགས་ནས་རྣམ་གྲངས་ཆེ་གྲས་བཞི་ཡི་འགྲན་བསྡུར་ལ་ཞུགས་པ་དང་། ཡ་པང་གངས་ཤུད་དང་བྱེས་བགྲོད་གངས་ཤུད་རྣམ་གྲངས་གཉིས་ཀར་གསེར་གྱི་རྟགས་མ་ཐེངས་དང་པོར་ཐོབ་པ་རེད། དེའི་ཁྲོད་ཡ་པང་གངས་ཤུད་རུ་ཁག་ལ་རྣམ་གྲངས་6གི་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་3 ཟངས་ཀྱི་རྟགས་མ་1བཅས་ཐོབ་པ་དང་། བྱེས་བགྲོད་གངས་ཤུད་རུ་ཁག་ལ་གསེར་གྱི་རྟགས་མ་1དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་4བཅས་ཐོབ་པ་རེད། འཁྱགས་སྟེང་རྣམ་གྲངས་ཁྲོད་འཁྱག་ལྟིར་གྱི་སྐྱེས་པའི་རུ་ཁག་གིས་རྣ་ཤེད་ཉམས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་གསུམ་པ་བླངས་པ་དང་བུད་མེད་རུ་ཁག་ལ་ཟངས་ཀྱི་རྟགས་མ་ཐོབ་པ་དང་། འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པའི་སྐྱེས་པ་དང་བུད་མེད་མཉམ་བསྲེས་རུ་ཁག་ལ་ཨང་བཞི་པ་ཐོབ་པ་རེད།

    རྣ་ཤེད་ཉམས་པའི་ཨོ་རྩལ་འགྲན་ཚོགས་ནི་གོ་ལ་ཧྲིལ་པོའི་དབང་པོ་སྐྱོན་ཅན་གྱི་རིགས་ཆེན་པོ་གསུམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་གྱི་གྲས་ཤིག་ཡིན་པ་དང་། 1924ལོར་རྒྱལ་སྤྱིའི་རྣ་ཤེད་ཉམས་པའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྣ་ཤེད་ཉམས་པའི་ལུས་རྩལ་འགྲན་ཚོགས(ད་ཆའི་རྣ་ཤེད་ཉམས་པའི་ཨོ་རྩལ་འགྲན་ཚོགས)ཐེངས་དང་པོ་སྒྲིག་འཛུགས་བྱས་པ་ནས་ད་བར་ལོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་ཡོད། མིག་སྔར་རྣ་ཤེད་ཉམས་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་སྐབས་24དང་རྣ་ཤེད་ཉམས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་20གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།