དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོའི་ཟླ་དང་པོ་དང་གཉིས་པར་ཀོང་ཏུང་གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་24.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-15

    ཟླ་3ཚེས་12ཉིན་གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཀོང་ཏུང་ཡན་ལག་ཧྲུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་དང་གཉིས་པར་ཀོང་ཏུང་གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.35ཟིན་ནས་དུས་མཚུངས་ལས(གཤམ་དུ་མཚུངས)24.9%འཕར་བ་ལས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་8859.4ཟིན་ནས་26.8%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4624ཟིན་ནས་21.5%འཕར་ཡོད། ཀོང་ཏུང་གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཐད་ན་ནིང་ལོ་མཇུག་ཚུན་གྱི་བསྐྱར་གསོ་ལེགས་འཕེལ་གྱི་རྣམ་པ་རྒྱུན་མཐུད་བྱས་ནས་མགྱོགས་མྱུར་འཕར་ཚུལ་རྒྱུན་འཁྱོངས་ཐུབ་སྟེ་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།

    ཟླ་དང་པོ་དང་གཉིས་པར་ཀོང་ཏུང་གི་སྤྱིར་བཏང་གི་ཚོང་དོན་དང་ཁྲལ་མེད་ཟོག་འགྲེམས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་8204.8དང་སྒོར་དུང་ཕྱུར་2408.7སོ་སོར་ཟིན་ནས་34.9%དང་32.8%འཕར་བ་དང་། འཕར་ཚད་ཧྲིལ་པོ་10དང་བརྒྱ་ཆའི་གྲངས་7.9ཡིས་མགྱོགས་པ་ཡོད་པ་དང་། ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2723ཟིན་ཏེ་1.1%འཕར་ཡོད་པ་རེད།

    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཨ་རི། ཀྲུང་གོའི་ཤང་ཀང་། ཡོ་རོབ་མནའ་འབྲེལ། ཀྲུང་གོའི་ཐའེ་དབན་བཅས་ནི་ཀོང་ཏུང་གི་ཚོང་དོན་རོགས་ཟླ་ཆེ་གྲས་ལྔ་པོ་ཡིན་པ་དེས་17.3%དང་། 32.3% 17.1% 12.1% 20.3%བཅས་སོ་སོར་འཕར་ནས་ཀོང་ཏུང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་15.5%དང་། 11.6% 11.4% 11.3% 7.1%བཅས་སོ་སོར་ཟིན་ཡོད་པ་རེད། གཞན་ཡང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5153.3ཟིན་ཏེ་23.1%འཕར་བ་དང་དེས་38.2%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།