དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དྲུང་ཡིག་ཁྲུའུ་དྲུག་པའི་ཏང་ཀྲི་པུས།

    “བུད་མེད་དུས་ཆེན”གྱི་ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-15

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དྲུང་ཡིག་ཁྲུའུ་དྲུག་པའི་ཏང་ཀྲི་པུས“‘གསུམ་བརྒྱད’རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན”གྱི་ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ནས། བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་རིག་གནས་དངོས་མང་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལམ་བུ་ཤེས་རྟོགས་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བྱེད་སྒོར་ཞུགས་པ་རེད།

    ལུའོ་མེས་བོད་ཀྱི་བུད་མེད་དང་བྱིས་པའི་རིག་གནས་དངོས་མང་འགྲེམས་སྟོན་ཁང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་རིག་གནས་དངོས་མང་འགྲེམས་སྟོན་ཁང་གིས་ཟུར་ཚད་གསར་པ་ནས་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་གཟུགས་བརྙན་མངོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་བོད་ཀྱི་བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་གང་ལེགས་བཏོན་པར་དོན་སྙིང་གཏིང་ཟབ་ལྡན་ཡོད། ང་ཚོས་བུད་མེད་དང་བྱིས་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་གཡུལ་སའི་ལེགས་ཆ་ཡག་པོ་བཏོན་ཏེ་བུད་མེད་དང་། བྱིས་པ། སྤྱི་ཚོགས་བཅས་ལ་ཞབས་འདེགས་མཐའ་འཁྱོངས་ཞུས་ནས་འགན་ནུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱད་ཆོས་མངོན་པར་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བུད་མེད་ཀྱི་སྟོབས་ཤུགས་དེ་བས་གཅིག་སྒྲིལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།