དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧུའུ་པེའི་ཤང་དབྱང་གིས་ཞབས་འདེགས་ཧུར་ཐག་ཞུས་ནས་རླངས་འཁོར་ཕྱིར་གཏོང་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-15

    འདི་ལོ་ནས་བཟུང་ཧུའུ་པེའི་ཤང་དབྱང་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱིས་ཚོང་སྤྱོད་རླངས་འཁོར་སྣ་ཚོགས་དང་དེ་བཞིན་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཕྱི་རྒྱལ་གྱི་ལས་སྒོ་སྣ་ཚོགས་དང་ལེན་ཧུར་ཐག་བྱས་པ་མ་ཟད། ཤང་དབྱང་འགག་སྒོ་ལས་ཁུངས་དང་མཉམ་དུ་ཞབས་ཞུ་བྱས་ཏེ་ཁེ་ལས་ལ“སྔོན་ལ་འདུན་ཞུ”སོགས་འགག་སྒྲོལ་གྱི་སྟབས་བདེའི་བྱ་ཐབས་སྤྱོད་རྒྱུར་ཁྲིད་སྟོན་བྱས་ནས། འགག་སྒྲོལ་ཞབས་ཞུའི་ལམ་སྲོལ“སྦབ་ཆ་གཅིག”བཟོས་ཏེ་འགག་སྒྲོལ་གྱི་ཕན་འབྲས་ཐོན་གང་ཐུབ་བྱས་ནས་ས་གནས་དེ་གའི་རླངས་འཁོར་ཕྱིར་གཏོང་ལ་བདེ་འཇགས་དང་སྟབས་བདེའི་འགག་སྒྲོལ་གྱི་ཁོར་ཡུག་བཏོད་ཡོད།

    འདི་ནི་ཧུའུ་པེའི་ཤང་དབྱང་དུ་ཕྱིར་གཏོང་བྱ་རྒྱུའི་རླངས་འཁོར་ཤང་དབྱང་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་གོ་རིམ་ལྡན་པའི་ངང་གཏོང་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།