དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ཁྲོད་ནས་ཉམས་མྱོང་རྩ་ཆེན་བསྡུ་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཆང་།   |     སྤེལ་དུས།  2024-03-15

    “ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། འདུ་ཤེས་དང་བྱ་སྤྱོད་དེ་དག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་རམ་འདེགས་བྱས་པ་མ་ཟད། འཛམ་གླིང་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད”ཅེས་ཧ་སག་སི་ཐན་ཞི་བདེའི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁཱ་ཅི་པེ་ཁེ·ཧྲ་དབྱི་ཧོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།

    ན་ནིང་ཟླ་3ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ། 《ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུའི་ཐོག་མཉམ་དུ་སྐྱོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད། ཧྲ་དབྱི་ཧོ་བརྙན་ལམ་བརྒྱུད་ད་རེས་ཀྱི་གླེང་མོལ་ཚོགས་འདུར་ཞུགས་པ་དང་ད་ཆ་སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་ཁོང་གིས་སྔར་བཞིན་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། “གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་པའི་དཔང་པོ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཚོལ་ཞིབ་དང་ལག་ལེན་གྱི་ཉམས་མྱོང་ལ་དམིགས་ནས། འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་བཏོན་པའི་ཀྲུང་གོའི་ཇུས་གཞི་ཞིག་རེད”

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་ཀྲུང་གོ་མི་དམངས་ཡོངས་ལ་ཕན་པ་ཐོབ་ཡོད” ཧྲ་དབྱི་ཧོ་ཡིས། ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་གི་ཡོད། ཀྲུང་གོས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཡོད་ཅེས་བརྗོད་པ་རེད།

    ཧྲ་དབྱི་ཧོ་ཡིས་ཀྲུང་གོའི་དེང་རབས་ཅན་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། ལྷག་པར་དུ་ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་ཐོབ་པའི་གྲུབ་འབྲས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ། རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བཅས་ལ་སྐུལ་མ་གཏོང་གི་ཡོད། ཀྲུང་གོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དྲ་ཐོག་ཚོང་དོན། སྒུལ་བདེའི་གཏོང་སྤྲོད། བསྐྱར་སྐྱེས་ནུས་རྒྱུ་སོགས་ཁྱབ་ཁོངས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ལས་ཀྲུང་གོའི་གསར་གཏོད་ཀྱི་སྟོབས་ཤུགས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།