དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲང་ཀུང་ཆུས་ཀྱི་ཆུ་མོ་དྭངས་ཤིང་ཆུ་འགྲམ་སྔོ་ལྗང་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-14

    ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀྲང་ཀུང་ཆུས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་སྔོ་ལྗང་འདེབས་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་ཡོད། འདི་ལོ་ཀན་ཀྲོའུ་ཡིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱས་ནས་ས་ཆ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་400ཡི་ས་ཆུ་ཤོར་རིགས་བཅོས་སྐྱོང་ལ་དམ་འཛིན་བྱས་པ་དང་། སྤུས་ཚད་ཞན་ལ་ཕན་འབྲས་ཞན་པའི་ནགས་ཚལ་མུའུ་ཁྲི་100སྒྱུར་བཀོད། ཀན་ཅང་གཙང་པོའི་ཆུ་ཁོངས་ཀྱི་སྐྱེ་ཁམས་མུའུ་ཁྲི་16.26ཕྱོགས་བསྡུས་བཅོས་སྐྱོང་། མུའུ་ཁྲི་3.02ཀྱི་ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་གི་ཚོད་ལྟའི་ལས་འགན་ལེགས་སྒྲུབ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཡོད།

    འདི་ནི་ཀྲང་ཀུང་ཆུས་ཀྱི་ཆུ་མོ་དྭངས་ཤིང་ཆུ་འགྲམ་སྔོ་ལྗང་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།