དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤེལ་རེས་མང་ཙམ་བྱ་རྒྱུའི་རེ་སྒུག་དང་སྐུལ་འདེབས་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་འགྲོ་འོང་མང་ཙམ་དང་། འབྲེལ་གཏུག་མང་ཙམ། སྤེལ་རེས་མང་ཙམ་བཅས་བྱས་ནས་དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་གཏམ་རྒྱུད་དང་ཀྲུང་ཨའི་མཉམ་ལས་གཉིས་ཁེའི་གཏམ་རྒྱུད་མཉམ་དུ་རྩོམ་རྒྱུའི་རེ་སྒུག་དང་སྐུལ་འདེབས་བྱེད་ཀྱི་ཡིན་ཞེས་བརྗོད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉིན་ཤས་གོང་། ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལི་ཏེས་ལས་རིགས་ཁག་གི་མི་སྣའི་སྣེ་ཁྲིད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མིང་མཉམ་འགོད་ཀྱི་ཡོངས་བསྒྲགས་ཐོག་འཕྲིན་ཡིག་སྤྲིངས་ནས། ན་ནིང་ཟླ་11པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་གནང་བའི་གཏམ་བཤད་དེ་ཀྲུང་ཨའི་འབྲེལ་བའི་དམངས་ཁྲོད་ཀྱི་རྨང་གཞིར་དམིགས་པ་དང་། ཅིའུ་ཅིན་ཧྲན་གྱིས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་ལ་དམིགས་བསལ་གྱི་གཞི་ཚུགས་ས་གལ་ཆེན་མཁོ་འདོན་བྱེད་ཐུབ་ངེས་རེད། མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་འདོད་ཡོད་ལ། དོམ་ཁྲ་ཅིའུ་ཅིན་ཧྲན་སྲོག་ཆགས་གླིང་དུ་ཡོང་བར་གྲ་སྒྲིག་ཨང་གསར་ཡང་བྱས་ཟིན་ཞེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས། ན་ནིང་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིའུ་ཅིན་ཧྲན་དུ་ཙུང་ཐུང་པའེ་ཀྲེང་དང་ཞལ་འཛོམས་གནང་ནས། ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གཏམ་བཤད་གལ་ཆེན་ཡང་སྤེལ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་ནས། “ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”བཏོད་དེ་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྔར་བས་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བརྗོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་རེ་བ་མི་དམངས་ལ་ཐུག་པ་དང་། རྨང་གཞི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་ན་གཞོན་ལ་ཐུག་པ། གསོན་ཤུགས་ས་གནས་སུ་ཡོད་ཅེས་གསུངས་ཡོད” དབང་ཝུན་པིན་གྱིས། “ང་ཚོས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་འགྲོ་འོང་མང་ཙམ་དང་། འབྲེལ་གཏུག་མང་ཙམ། སྤེལ་རེས་མང་ཙམ་བཅས་བྱས་ནས་དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏམ་རྒྱུད་དང་ཀྲུང་ཨའི་མཉམ་ལས་གཉིས་ཁེའི་གཏམ་རྒྱུད་མཉམ་དུ་རྩོམ་རྒྱུའི་རེ་བ་དང་སྐུལ་འདེབས་བྱེད་ཀྱི་ཡིན”ཞེས་བརྗོད།

    “དོམ་ཁྲ་ནི་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་ཕོ་ཉ་ཡིན་པས་ང་ཚོས་ཨ་རི་ཕྱོགས་དང་མཉམ་དུ་དོམ་ཁྲ་སྲུང་སྐྱོང་མཉམ་ལས་མུ་མཐུད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་དང་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་འདོད་ཡོད”ཅེས་ཁོང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།