དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲུང་ཆིང་ཆན་ཅང་དུ་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་དོས་སྒམ་དུས་གཏན་མེ་འཁོར་ཐོག་མ་དེ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-14

    འདི་ནི་ཟླ་2ཚེས་29ཉིན། ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ནས་ཐོན་པའི་དངོས་ཟོག་བླུགས་པའི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི(ཆན་ཅང་ནས་ཆིན་ཀྲོའུ་བར)དོས་སྒམ་དུས་གཏན་མེ་འཁོར་ཡུས་ཧའེ་ལྕགས་ལམ་ཁྲུང་ཆིང་ཆན་ཅང་བབས་ཚུགས་ཀྱི་དོས་སྒམ་ཁུལ་ནས་ཐོན་བཞིན་པ།

    ཁྲུང་ཆིང་ཆན་ཅང་ནི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་མཚམས་ཚིག་གལ་ཆེན་གྱི་གྲོང་ཁྱེར་གྲས་ཤིག་རེད། ཡུས་ཧའེ་ལྕགས་ལམ་ཁྲུང་ཆིང་ཆན་ཅང་བབས་ཚུགས་ཀྱི་དངོས་ཟོག་ཏུན་ཁྲི་450ཡི་དོས་སྒམ་ཁུལ་བེད་སྤྱོད་དང་དོས་སྒམ་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ་དེས་ཆན་ཅང་ཆུས་སུ་རྒྱལ་སྤྱིའི་ཚོང་དོན་དུས་གཏན་མེ་འཁོར་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། དེ་ཐོག་ནས་ས་གནས་དེར་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་ཡོད་པ་མཚོན་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཝུའུ་ལིན་ཧྲན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།



    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།