ཧྥ་རན་སེའི“གློག་རྫས་གླིང”གིས་ཀྲུང་གོའི་ནུས་གསར་ཁེ་ལས་དང་མཉམ་ལས་བྱེད་རིང་ཕན་པ་ཐོབ་རེ་བྱེད་པ།
ཧྥ་རན་སེ་བྱང་རྒྱུད་ཀྱི་སྟོད་ཧྥ་རན་སེ་ཁུལ་ཆེན་དུ་སྐྲུན་བཞིན་པའི“གློག་རྫས་གླིང”དུ་ཀྲུང་གོའི་ནུས་གསར་རླངས་འཁོར་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་འབྲིང་ཆུང་ཞུགས་པར་དོ་ཁུར་ཆེན་པོ་བྱེད་ཅིང་། བཅར་འདྲི་དང་ལེན་བྱེད་མཁན་ཧྥ་རན་སེ་རླངས་འཁོར་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་། ས་ཁུལ་གྱི་ཚོང་འགུགས་སྒྲིག་གཞི། འབྲེལ་ཡོད་མཁས་དབང་བཅས་ཀྱིས་གློག་སྒུལ་རླངས་འཁོར་ཁྱབ་ཁོངས་སུ་ཀྲུང་གོའི་ཁེ་ལས་ལ་སྔོན་ཐོན་གྱི་གནས་བབ་ཐོབ་པས། ཧྥ་རན་སེའི་ལས་རིགས་གཅིག་པས་དེ་དང་མཉམ་ལས་བྱེད་རིང་ཕན་པ་ཐོབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། འདི་ནི་ཟླ་2ཚེས་23ཉིན་པར་བླངས་པའི་ཀྲུང་གོ་མིང་ཧྲེ་ཚོགས་པ་དང་ཧྥ་རན་སེ་ལའེ་ནོ་ཚོགས་པས་བཙུགས་པའི་མ་རྩ་མཉམ་འཇོག་ཀུང་སིས་ཧྥ་རན་སེའི་ལུའི་ཚེ་བཟོ་ལས་ཁུལ་དུ་གློག་རྫས་སྒམ་ཐོན་སྐྱེད་བྱེད་བཞིན་པ།