དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་ཉ་ལོ་ལིའི་ཐོན་ཁུངས་གསོག་འབོར་ཏུན་ཁྲི་12.03ཟིན་པ།

    “སྟོངས་ལ་ཉེ་བའི”དངོས་རིགས་ནས“སྟོངས་སླ་བའི”དངོས་རིགས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-13

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཉ་ལས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2023ལོའི་ལོ་མཇུག་ཏུ་མཚོ་སྔོན་པོའི་ཉ་ལོ་ལིའི་ཐོན་ཁུངས་གསོག་འབོར་ཏུན་ཁྲི་12.03ཟིན་པ་དེ། 2002ལོར་སྲུང་སྐྱོབ་བྱེད་འགོ་བཙུགས་པའི་དུས་འགོའི་ཏུན་2592ནས་ད་ཆའི་ཏུན་ཁྲི་12.03བར་མང་དུ་ཕྱིན་ནས་གསོག་འབོར་ལྡབ་46འཕར་ཞིང་། མཚོ་སྔོན་པོའི་ཉ་ལོ་ལི་དེ་ཉིད“སྟོངས་ལ་ཉེ་བའི”དངོས་རིགས་ནས“སྟོངས་སླ་བའི”དངོས་རིགས་སུ་གྱུར་ཡོད།

    མཚོ་སྔོན་གྱིས་1982ལོ་ནས་ད་བར་མཚོ་སྔོན་པོར་མཚོ་བསྡམས་ཉ་གསོ་ཐེངས་དྲུག་བྱས་ཤིང་། ལྟ་འདོམས་དང་ཉེན་བརྡ། རྗེས་འདེད། ཐོ་འགོད་ལ་སོགས་པའི་ཕྱོགས་བསྡུས་ཆ་འཕྲིན་ལྟ་ཞིབ་ཚད་ལེན་མ་ལག་ཆ་ཚང་ཞིག་བཟོས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཚོ་སྔོན་པོར་ཁྲིམས་འགལ་ཉ་འཛིན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་ཡང་བཙུགས་ནས་ཙོང་ཉའི་གྲངས་འབོར་བརྟན་པོ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།