དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཐེའི་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ཀྱི་ནུས་པ་དངོས་སུ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-13

    ཟླ་3ཚེས་1ཉིན། ཀྲུང་གོ་དང་ཐེ་ལན་དབར་གྱི་ལམ་ཡིག་དཀྱུས་མ་འཁྱེར་མཁན་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ཀྱི་ནུས་པ་དངོས་སུ་ཐོན་ནས་ཀྲུང་གོ་དང་ཐེ་ལན་དབར“རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་དུས་རབས”སུ་སླེབས་ཡོད། ཟླ་1ཚེས་28ཉིན་གྲོས་ཆོད་དེར་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་མིང་རྟགས་བཀོད་པ་རེད། གྲོས་ཆོད་ལ་གཞིགས་ན། ཀྲུང་གོ་ཕྱོགས་ཀྱི་གཞུང་དོན་ལམ་ཡིག་དཀྱུས་མ་འཁྱེར་མཁན་དང་། ལམ་ཡིག་དཀྱུས་མ་འཁྱེར་མཁན། ཐེ་ལན་ཕྱོགས་ཀྱི་ལམ་ཡིག་དཀྱུས་མ་འཁྱེར་མཁན་བཅས་ཀྱིས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཕར་ཕྱོགས་རྒྱལ་ཁབ་ཏུ་འཛུལ་ཆོག་པ་དང་། འགྲོ་ཐེངས་གཅིག་ལ་སྡོད་ཡུན་ཉིན་30ལས་མི་བརྒལ་བ་དང་ཉིན་180ཡི་ནང་ཁྱོན་ཕར་ཕྱོགས་རྒྱལ་ཁབ་ཏུ་སྡོད་པའི་ཉིན་90ལས་བརྒལ་མི་རུང་། འདི་ནི་ཀྲུང་གོའི་ཡུལ་སྐོར་བས་ཐེ་ལན་གྱི་པེ་ལན་ཧྥུའུ་ཡི་ཤན་ལུའོ་གནའ་གྲོང་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།