དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་གྱིས།

    ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་ཁོར་ཡུག་ཉམས་ཉེན་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-13

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་འདི་ལོའི་ཟླ་2ཚེས་28ཉིན་དེ་ཕྱོགས་མང་ཁོར་ཡུག་གྲོས་མཐུན་ཉིན་མོར་གཏན་འཁེལ་བྱས་པ་རེད། ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་དྲུག་པའི་འབྲེལ་ཡོད་བྱེད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་སོགས་ཕྱོགས་མང་པོས་ལས་རིགས་ཁག་ལ་ཕྱོཌ་མང་རིང་ལུཌ་ལག་ལེན་བསྟར་ནས། ཁོར་ཡུག་གི་ཉམས་ཉེན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ་རེད།

    ཕྱོགས་མང་ཁོར་ཡུག་གྲོས་མཐུན་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་སྐབས་འདིའི་ཚོགས་ཆེན་མ་འཚོག་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་གལ་ཆེའི་རང་བཞིན་བརྒྱུད་སྤྲོད་བྱ་རྒྱུ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་མང་ཁོར་ཡུག་གྲོས་མཐུན་ནི་གོ་ལ་ཧྲིལ་པོའམ་ཡང་ན་ས་ཁོངས་ཀྱིས་དོ་ཁུར་བྱེད་པའི་དགོས་གཏུགས་ཆེ་ཤོས་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་ཞིག་དང་། རྒྱལ་སྤྱིའི་ཁོར་ཡུག་བཅོས་སྐྱོང་དང་རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་ཀྱི་ལག་ཆ་གལ་ཆེན་ཞིག་རེད། ཚོགས་ཆེན་གྱི་གྲོས་རིམ་ནང་འབྲེལ་ཡོད་གྲོས་གཞིས་ཇི་ལྟར་བྱས་ནས་བྱ་སྤྱོད་ཀྱི་གཅིག་མཐུན་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་ཉམས་མྱོང་མཉམ་སྤྱོད་ལ་གྲོས་བསྡུར་བྱེད་པ་དང་ཆབས་ཅིག་ཕྱོགས་མང་ཁོར་ཡུག་གྲོས་མཐུན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་ཚུད་ཡོད་པ་རེད། དུས་ཡུན་ཉིན་ལྔའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་དྲུག་པ་དེ་ཚེས་26ཉིན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འགོ་ཚུགས་པ་དང་། རྒྱལ་ཁབ་ཁག་གི་འཐུས་མི་4000ལྷག་ཙམ་ཞུགས་ནས་ཕྱོགས་མང་རིང་ལུགས་ཀྱི་སྒྲོམ་གཞིའི་འོག་གི་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་གནད་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།