དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་ཅིན་ཧྭ་ནས་ཀྲུང་ཧྥའི་རིག་གནས་སྤེལ་རེས་ལ་ཞབས་འདེགས་ཞུ་བའི་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-13

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“དབྱི་ཤིན་ཡོའི”ཀྲུང་ཧྥའི་རིག་གནས་སྤེལ་རེས་ལ་ཞབས་འདེགས་ཞུ་བའི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་པ་ནི་ཀྲུང་གོའི་གྲགས་ཅན་རི་མོ་མཁས་ཅན་ཧྲང་ཧའེ་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སྐུ་ཞབས་ཁྲེན་ཅ་ལིང་གི་རིམ་སྤེལ་སྒྱུ་རྩལ་བརྩམས་ཆོས་རེད། ཀྲུང་ཧྥ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་མཚམས་སུ་ཧྲང་ཧའེ་གྲོང་ཁྱེར་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་ཟླ་4ཚེས་1ཉིན་ནས་ཚེས་22ཉིན་བར་ཧྥ་རན་སེའི་ཕ་རི་སིའི་ལཱ་ཏིང་ཆུས་ཁོ་ཏེ་ལི་ཨའེ་དགེ་སྒྲུབ་ཁང་དུ“ཁྲེན་ཅ་ལིང་གི་ཆུ་ངོགས་ཀྱི་ངོ་མཚར་རི་མོ”ཞེས་པའི་འགྲེམས་སྟོན་བྱ་རྒྱུ་དང་། འགྲེམས་སྟོན་ལ་ཁྱོན་བརྩམས་ཆོས་41སྟོན་ཏེ་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ཕན་ཚུན་ཤེས་རྟོགས་ཟུབ་ཏུ་བཏང་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རེད།

    འདི་ནི་ཀྲུང་ཧྥ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་མཚམས་སུ། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་ཡིག་གཟུགས་དང་། པར་རིས། རྫ་ཆས་སོགས་སྒྱུ་རྩལ་ཐོན་རྫས་བླུགས་པའི“དབྱི་ཤིན་ཡོའི”ཀྲུང་ཡོའི་དུས་གཏན་མེ་འཁོར་ཀྲེ་ཅང་ཅིན་ཧྭ་ལྕགས་ལམ་དབྱི་ཝུའུ་ནུབ་ཚུགས་ནས་ཐོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།