དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཇེ་མང་དུ་འགྲོ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་འཚོགས་པའི་འཆར་ཅན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་31ཉིན་ནས་བཟུང་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེར་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་100མང་དུ་གཏོང་རྒྱུ་རེད།

    “མིག་སྔར་རང་རྒྱལ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཁྱོན་རྒྱལ་ཁབ་64ལ་ཤར་གཏོང་ཐུབ་པའི་ནང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་རྒྱལ་ཁབ་48ཡོད” དམངས་སྤྱོད་མཁའ་འགྲུལ་ཅུས་འཁོར་སྐྱོད་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཏའེ་ཅུན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོ་ནས་སིང་ཀ་ཕོར་དང་། ཨོ་སི་ཁྲུ་ལི་ཡ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱིན་ཇི། དབྱི་ཐ་ལི་སོགས་རྒྱལ་ཁབ་22ལ་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ་དེ་རིམས་ནད་མ་ཐོན་གོང་ལས་བརྒལ་ཡོད་པ་མ་ཟད། གནམ་གྲུ་ཤར་གཏོང་ཐུབ་པའི་རྒྱལ་ཁབ་ཁུ་ཝེ་ཐེ་དང་། ལུ་ཙེམ་པོག ཐན་ཙན་ནི་ཡ། སར་པི་ཡ། ཕ་ཕུ་ཡ་ཀུའི་ནེ་ཡ་བཅས་5མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།