དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁེན་ནི་ཡའི་ལུས་རྩལ་གྲོང་གི་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་འཚོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-13

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཐ་ལན་ཐཱ་ལུས་རྩལ་གྲོང་གི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་ཉེ་ཆར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་འཚོགས་པ་རེད། ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་ཡིས་མཛད་སྒོའི་ཐོག་རྣམ་གྲངས་དེས་ཁེན་ནི་ཡའི་ལུས་རྩལ་གཟུགས་བརྙན་བཏོད་ནས་རྒྱལ་ཁབ་དེ་དང་ནེ་རོ་པི་ཡི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཀྱི་མཚོན་རྟགས་སུ་འགྱུར་རྒྱུ་རེད། ཐ་ལན་ཐཱ་ལུས་རྩལ་གྲོང་གི་རྣམ་གྲངས་དེ་ནེ་རོ་པི་རུ་ཡོད་པ་དང་དེའི་ནང་རྐུབ་སྟེགས་ཁྲི་6ཡོད་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚད་ལྡན་ཆེད་ལས་རྐང་རྩེད་སྤོ་ལོའི་ཐང་ཡོད་པ་དང་འཆར་གཞི་བྱས་ན་2027ལོའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར(ཨ་ཧྥེ་རི་ཁའི་བུམ་པ)གྱི་ལུས་རྩལ་ཐང་གཙོ་བོའི་གྲས་ཤིག་ཏུ་བརྩིས་ནས་འགོ་ཚུགས་དང་མཇུག་འགྲིལ་མཛད་སྒོ་དང་འགྲན་བསྡུར་སོགས་གཉེར་རྩིས་ཡོད་པ་རེད། འདི་ནི་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་ཡིས་ཐ་ལན་ཐཱ་ལུས་རྩལ་གྲོང་གི་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།