དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་མི་སྣས་རྩིས་ནུས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པའི་སྐོར་མཉམ་དུ་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-13

    འདི་ནི་སི་ཕེན་གྱི་པ་སའེ་ལུའོ་ནཱར་འཚོགས་པའི་2024ལོའི་འཛམ་གླིང་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་ཐོག་ལེན་ཤང་ཚོགས་པའི་འཐུས་མིས་གླེང་སྟེགས་ཐོག་གཏམ་བཤད་སྤེལ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་སི་ཕེན་གྱི་གྲོང་ཁྱེར་པ་སའེ་ལུའོ་ནཱ་ནས་གློག་འཕྲིན་འབྱོར་གསལ། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཕྱིན་ནས་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་ཀྱི་གཞི་རྒྱུ་གཙོ་བོ་སླར་གསོ་བྱུང་བ་དང་བསྟུན་ནས་རྩིས་ནུས་ཞེས་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་བྱེད་ཐབས་གསར་པ་ལས་ལས་རིགས་ཀུན་གྱི་གྲངས་འཛིན་ཅན་ལ་འགུལ་ནུས་གསར་པ་སྣོན་བཞིན་ཡོད། སི་ཕེན་གྱི་པ་སའེ་ལུའོ་ནཱར་འཚོགས་པའི་2024ལོའི་འཛམ་གླིང་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་ཐོག་རྒྱལ་སྤྱིའི་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མི་200ལྷག་ཙམ་གླེང་སྟེགས་ལ་ཞུགས་ནས་རྩིས་ནུས་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་གསར་པར་མཉམ་དུ་གྲོས་བསྡུར་བྱས་ཏེ་དེ་བས་རིག་ནུས་ལྡན་པའི་གྲངས་འཛིན་འཛམ་གླིང་ལག་གདང་སྦྲེལ་ནས་བསྐྲུན་རྒྱུ་རེད།

    ཀྲུང་གོ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ལས་འཛིན་ཀྲང་ཀྲོང་རུང་ཝུན་གྱིས་ཤིས་ཚིག་བསྒྲོན་སྐབས། དེང་སྐབས་དཔལ་འབྱོར་དང་སྤྱི་ཚོགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས་5Gདང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པའི་རྩིས་ནུས་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་རྩིས་ནུས་ཀྱི་འདེགས་སྐྱོར་ནུས་པ་དེ་བས་མངོན་བཞིན་ཡོད། རྩིས་ནུས་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་གསར་པར་ཕྱོགས་ནས་ང་ཚོས་རྩིས་ནུས་ཀྱི་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་གྲངས་འཛིན་ཅན་ནུས་ལྡན་ཕྱོགས་སྒྱུར་བྱེད་པ། རིག་ནུས་ནུས་ཆེ་དང་། ཀུན་ཕན་སྟབས་བདེ། ལྗང་མདོག་ཐཱན་ཉུང་། བདེ་འཇགས་བརྟན་ལྷིང་། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩིས་ནུས་ཀྱི་དྲ་རྒྱ་གཏོད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་འདེགས་སྐྱོར་བྱེད་པའི་རྩིས་ནུས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་བརྗོད་པ་རེད།

    གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་གཡོད་ཧན·ཧོ་ཧྥུའུ་མན་གྱིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འཚོ་བའི་ཕྱོགས་གང་ས་ནས་མཚོན་བཞིན་ཡོད། ལག་རྩལ་གསར་པ་དང་ཞབས་ཞུ་གསར་པ་ཐོན་པ་བརྒྱུད་རྒྱུན་མཐུད་འཕར་བཞིན་པའི་གྲངས་གཞི་འབོར་ཆེན་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཅེས་ནན་བཤད་བྱས་ཤིང་། ཁོང་གིས“རྩིས་ནུས་དྲ་རྒྱ་བཀོད་སྒྲིག་དང་ཞབས་ཞུའི་ཐད་ཀྲུང་གོའི་གཉེར་སྐྱོང་ཚོང་པས་སྔོན་སྐྱོད་ཀྱི་གནས་བབ་བཟུང་ཡོད”ཅེས་བརྗོད།

    ཨ་རབ་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་རྩ་འཛུགས་ཀྱི་དྲུང་ཆེ་མོ་ཧན་མོ་ཏེ·པིན·ཨ་མུའུ་ཡིས་སྤུས་ཚད་མཐོ་བའི་རྩིས་ནུས་དྲ་རྒྱ་ནི་ལག་རྩལ་གསར་པ་འཕེལ་རྒྱས་གཏོང་བའི་ཀ་རྟེན་ལྟ་བུ་ཡིན་པས་དེ་བས་རིག་ནུས་ལྡན་པའི་དྲ་རྒྱས་དེ་བས་རིག་ནུས་ལྡན་པའི་འཛམ་གླིང་ཞིག་གཏོད་ཐུབ་ངེས་རེད་ཅེས་ནན་བཤད་བྱས་ཤིང་། ཁོང་གིས་རྒྱལ་སྤྱིའི་མཉམ་ལས་དེ་རྩིས་ནུས་དྲ་རྒྱའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་མཉམ་ལས་ཀྱིས་ཕྱོགས་གཅིག་ནས་གསར་གཏོད་བྱེད་མགྱོགས་སུ་གཏོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ད་དུང་ལག་རྩལ་གསར་པ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་འཕྲད་པའི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པར་ཕན་པ་ཡོད། ཁེ་ཕན་མི་འདྲ་བའི་འབྲེལ་བ་ཡོད་མཁན་དབར་གྱི་སྟོབས་དང་ལྡན་པའི་རོགས་ཟླའི་འབྲེལ་བས་སྤྱི་ཚོགས་ཧྲིལ་པོར་ཐད་ཀའི་ཕན་པ་ཐོབ་ངེས་རེད་ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།