དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལག་གདང་སྦྲེལ་ནས་མདུན་དུ་སྐྱོད། མཛེས་པའི་འབྱུང་འགྱུར་འཛུམ་གྱིས་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འདི་ནི་ཟླ་3ཚེས་11ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་ཚོགས་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་ཆིང་ཝུའུ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཧྥང་ཧུང(གཡས་ཀྱི་གཉིས་པ)གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷག་ཆུང(གཡས་ཀྱི་གཉིས་པ)གིས་ལས་དོན་མི་སྣ་དང་སྤེལ་རེས་གནང་བཞིན་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཀྱིས་འཐུས་མིའི་བགྲོད་ལམ་དུ་གསར་འགོད་པའི་འདྲི་བར་ལན་སྐྱོན་བཞིན་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་བར་གསེང་དུ་སྤེལ་རེས་གནང་བཞིན་པ།

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་མ(གཡས)དང་ཧྲའན་ཤིས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུང་ཡ་ཧྥིང(གཡོན)མཉམ་པར་སྐྱོན་བཞིན་པ།

    འདི་ནི་ཚོགས་འདུ་གྲོལ་རྗེས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་གདེང་ཚོད་ཆེན་པོས་ཚོགས་ར་ནས་ཕེབས་བཞིན་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས། ཟླ་3ཚེས་11ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་གྲོལ་བ་རེད།

    ཚོགས་འདུའི་རིང་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་འགན་འཁྲི་ནན་ཏན་སྒྲུབ་པ་དང་། མི་དམངས་ཀྱི་རེ་སྒུག་མཚོན་པར་བྱེད་པ། འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བཅས་བྱས་ཏེ། ཚོགས་ཆེན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་གྱི་རེ་འདུན་བརྒྱུད་ཞུ་བྱས་ནས་གྲོས་འགོ་ཁག་24བཏོན་པ་ལས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ཡོད།

    ཚོགས་འདུ་གྲོལ་རྗེས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྙིང་སྟོབས་རབ་འཕེལ་དང་བློ་སྟོབས་ཆེར་སྐྱེད་ཀྱིས་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་སྐབས་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་གདེང་ཚོད་ཆེ་རུ་ཕྱིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། འཐུས་མི་ཚོས། བོད་དུ་ལོག་རྗེས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྣེ་ཁྲིད་དེ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་ཚོགས་ཆེན་གྱི་བཀོད་སྒྲིག་ཁག་བོད་དུ་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ། བོད་ཀྱི་ལས་ཀའི་གཙོ་གནད་ལ་དམིགས་ཏེ་འགན་འཁྲི་གཙང་སྒྲུབ་དང་བྱས་རྗེས་འཇོག་པ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྔར་བས་སྲ་བརྟན་དང་ལེགས་སུ་གཏོང་བ། འགན་འཁྲི་བསྒྲུབས་པའི་ཕན་འབྲས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།