དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བྱ་ཐབས་གསར་པ་འདི་དག་ཡོད་པས་རྒན་རྒོན་དང་བྱིས་པར་ལྟ་སྐྱོང་སྔར་བས་ལེགས་པར་བྱེད་ཐུབ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-12

    ཚེས་5ཉིན་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ”དང“སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ”སོགས་ལ་དམིགས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་ཅིང་། དེ་དག་ལས“རྒན་རྒོན་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུའི་འགན་ལེན་དང་འབྲེལ་བ་ཡོད་པའི་བཀོད་སྒྲིག་ཞིབ་ཕྲ་དེར་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    —— རྒན་གསོའི་དངུལ་མཐོ་རུ་གཏོང་རྒྱུ་ཡིན་པ།

    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་ཟླ་རེར་ཚད་གཞི་དམའ་ཤོས་སྒོར་20མཐོ་རུ་གཏོང་རྒྱུ”ཡིན་ཞེས་བཏོན་པ་དེ་ནི་ཉེ་བའི་ལོ་ཤས་རིང་མཐོ་རུ་གཏོང་ཚད་ཅུང་ཤུགས་ཆེ་བ་ཞིག་རེད། དེ་དང་ཆབས་ཅིག་ཏུ་སྙན་སྒྲོན་ནང“ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན”ཞེས་ཁ་གསལ་བཏོན་ཡོད།

    རྒན་གསོའི་དངུལ་མཐོ་རུ་གཏོང་བར“བྱ་ཐབས་ངོ་མ”སྤྱོད་དགོས། སྔོན་རྩིས་སྙན་སྒྲོན་ནང་ས་གནས་ཀྱི་གཏོང་སྒོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་རྒན་གསོའི་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

    —— རྒན་རྒོན་གྱི་ཞབས་ཞུའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

    མིག་སྔར་རང་རྒྱལ་འདི་ཉིད་རྒན་རྒོན་མང་བའི་སྤྱི་ཚོགས་སུ་སླེབས་ཡོད། དམངས་སྲིད་པུའི་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་2.8ལས་བརྒལ་བ་དེས་སྤྱིའི་མི་འབོར་གྱི་19.8%བཟུང་ཡོད། རྒན་རྒོན་གྱི་ཞབས་ཞུའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་ནི་རྒན་རྒོན་མང་པོའི་འདོད་འདུན་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་སེལ་ཤུགས་ཆེ་རུ་གཏོང་བ”དང“རྒན་རྒོན་གྱི་མཁོ་ཆས་དང་ཞབས་ཞུ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ”སོགས་འབྲེལ་ཡོད་བཀོད་སྒྲིག་བྱས་ཡོད་པ་རེད།

    —— “སྨན་པ་བསྟེན་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ།

    རྒས་དུས་འཚོ་རྟེན་ཡོད་པ་དང་བྱིས་པ་སྐྱོང་མཁན་ཡོད་པ་ནི་སྤྱི་ཚོགས་འགན་སྲུང་གི་ཐད་ཀའི་མཚོན་ཚུལ་ཞིག་རེད། དུས་མཚམས་ཤིག་རིང“སྨན་པ་བསྟེན་དཀའ་བ”དེ“རྒན་རྒོན་གཅིག་དང་བྱིས་པ་གཅིག”ལ་འཕྲད་པའི་ཐུན་མོང་གི་དཀའ་གནད་ཅིག་ཏུ་གྱུར་ཡོད། 2022ལོའི་ལོ་མཇུག་བར་རང་རྒྱལ་དུ་བྱིས་པའི་ཚན་ཁག་གི་སྨན་པ་བཀའ་བཅུ་པ་ཁྲི་22.6ཟིན་པ་དང་། རྒན་རྒོན་གྱི་གསོ་རིག་ཚན་ཁག་གི་སྨན་པ་བཀའ་བཅུ་པའི་གྲངས་འབོར་བལྟོས་བཅས་ཀྱིས་ཉུང་དུ་ཕྱིན་ཡོད།

    དེར་བརྟེན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བྱིས་པའི་ཚན་ཁག་དང་། རྒན་རྒོན་གྱི་གསོ་རིག བསམ་པའི་འཕྲོད་བསྟེན། སྨན་བཅོས་ནད་གཡོག་སོགས་ཞབས་ཞུའི་ཞན་ཆ་གང་མགྱོགས་སེལ་དགོས་ཞེས་བཏོན་ཡོད།

    —— བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“བུ་བཙའི་ངལ་གསོའི་ལམ་ལུགས་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོས་ལས་མི་སྤྱོད་པའི་མ་གནས་ལུགས་མཐུན་མཉམ་འཁུར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་བུ་བཅོལ་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་བ་བཅས་བྱས་ནས་ཁྱིམ་ཚང་གི་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས”ཞེས་བཏོན་ཡོད། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་འཆར་གཞིའི་སྙན་སྒྲོན་ནང་ཀུན་ཕན་བུ་བཅོལ་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྱིམ་ཚང་གི་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། བུ་བཙའི་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་བཏང་སྟེ། མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།