དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཁམ་བུའི་མེ་ཏོག་གི་ལྡུམ་ར་བསྐྲུན་ཏེ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    2021ལོའི་ཟླ་7ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས། ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་མཚོན་བྱེད་ཅིག་ཡིན་པ་དང་། དེ་གར་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་ཡུལ་ཞིག་རེད་ཅེས་གསུངས་པ་རེད།

    ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་སྟོབས་བརྩོན་དང་ཧུར་སྐྱེད་ཡར་བརྩོན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་འབད་འབུངས་མདུན་སྐྱོད་དང་སྔོན་ཐོན་བརྩོན་ལེན་བྱེད་ཀྱི་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་གྲོང་ཚོའི་ཁམ་བུའི་མེ་ཏོག་ཧ་ཅང་མཛེས་པོ་འདུག དེ་ནི་མེས་པོ་ཚོས་བཞག་པའི་ཕན་བདེ་རེད། ཁྱེད་ཚོར་ཁམ་བུའི་མེ་ཏོག་གི་ལྡུམ་ར་ཞིག་བཞག་འདུག་ཅེས་གསུངས་མྱོང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀ་ལ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས“ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན”བཏོད་པ་དང་། དམངས་སྲོལ་གནས་ཚང་གཉེར་བ། འདེབས་འཛུགས་གསོ་ཚགས་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་གྱུར་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་རྗེས་ཀ་ལ་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དེ་བས་གསལ་དུ་ཕྱིན་པ་དང་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། “ན་ནིང་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་འབྲེལ་ཡོད་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་པ་དང་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་ཡོད་པས། འདི་ལོ་ཡོང་འབབ་དེ་བས་མང་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་གདེང་ཚོད་ཆེན་པོས་བཤད།

    2022ལོའི་ཟླ་3པར། ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་དངོས་སུ་སྒོ་ཕྱེ་བ་རེད། འགྲེལ་བཤད་པ་ཧོང་ཧེ་ཧྥེན་གྱིས། ལོ་ལྟར་རྒྱལ་ཡོངས་ས་གནས་ཁག་གི་ཏང་རྩ་འཛུགས་400ལྷག་ཙམ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་ཡུལ་སྐོར་བ་ཁྲི་2ལྷག་ཙམ་འགྲེམས་སྟོན་ཁང་ལ་ལྟ་སྐོར་དུ་ཡོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཉེ་འགྲམ་གྱི་ཉང་ཆུ་ཁ་ཁུ་སིམ་པོས་ཐག་རིང་དུ་རྒྱུག་བཞིན་ཡོད་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ་དང་། མི་སེར་ཕྱུག་པ། ཐོན་ལས་དར་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་ཀ་ལ་གྲོང་ཚོ་ནས་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།