དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འབད་འབུངས་ཡར་བརྩོན་འགན་འཁྲི་ཕྲག་ཏུ་འཁུར། སྤྲོ་སེམས་ཆེན་པོས་རྒྱང་ལམ་གསར་པར་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    ཟླ་3ཚེས་10ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།

    འདི་ནི་དར་ཆ་མཐོན་སྒྲེང་དང་། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་འབུངས། མཉམ་དུ་འཕེལ་རྒྱས་དོན་གཉེར་བཅས་ཀྱི་ཚོགས་ཆེན་ཞིག་རེད།

    ཚོགས་འདུའི་རིང་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་དང་མངགས་བཅོལ་ཟབ་མོ་བསྣམས་ཏེ། ལས་འགན་གཙང་སྒྲུབ་དང་། གྲོས་མོལ་སྲིད་གླེང་། ཐབས་འདོན་ཇུས་འབུལ་བཅས་གནང་ཡོད། རིགས་ཁོངས་ཁག་གི་གྲོས་བསྡུར་ནང་སྲིད་གྲོས་ཨུ་ཡོན་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་ལས་གྲྭ ནུས་རྒྱུ་གཙང་མ་སོགས་ལ་དམིགས་ནས་ཚོགས་ཆེན་ལ་སྤུས་ཚད་མཐོ་བའི་གྲོས་གཞི་ཁག་30ཕུལ་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་ཞུས་པ། སྤྱི་ཡོངས་བསམ་བཀོད་དང་། འཕེལ་རྒྱས་དོན་གཉེར། དམངས་ཆེད་འགན་སྒྲུབ་བཅས་ཀྱི་འགན་སྒྲུབ་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་གནང་ཡོད།

    འདི་ནི་ཟླ་3ཚེས་10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ།

    འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་ལྷོ(གཡོན)ཚོགས་རར་ཕེབས་བཞིན་པ།

    འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉི་མ་ཆུང་ལགས་ཀྱིས་ཆོས་ལུགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་གཏམ་བཤད་སྤེལ་བཞིན་པ།

    འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲོལ་དཀར་གྱིས་བཞུགས་གནས་སུ་མི་རིགས་ཀྱི་གྱོན་གོས་ལྟེབ་བརྩེགས་རྒྱག་བཞིན་པ།

    འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་རྒྱལ་ལྷ་མཚོས(དཀྱིལ)གྲངས་ཉུང་མི་རིགས་ཀྱི་རིགས་ཁོངས་ཀྱི་གྲོས་བསྡུར་ནང་གཏམ་བཤད་སྤེལ་བཞིན་པ།

    འདི་ནི་ཚོགས་འདུའི་རིང་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་ཨུ་ཡོན་གྱི་བཞུགས་གནས་སུ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

     འདི་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་རར་ལྷན་དུ་ཕེབས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།