དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་འཛད་རྫས་བཟོ་ལས་ཀྱི“སྤུས་རྟགས་གསུམ”གྱི་འཐབ་ཇུས་དཔེ་སྟོན་གྲོང་ཁྱེར་ལ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    ཉེ་ཆར། བཟོ་འཕྲིན་པུས་2023ལོའི་འཛད་རྫས་བཟོ་ལས“སྤུས་རྟགས་གསུམ”གྱི་འཐབ་ཇུས་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཁྱོན་གྲོང་ཁྱེར་60དེའི་གྲས་སུ་ཚུད་ཡོད་པ་རེད། དེའི་ནང་ལྷ་ས་གྲོང་ཁྱེར་ནི་ཁྱད་ལྡན་ལེགས་ཆའི་ཐོན་ལས་རང་བྱུང་འཐུང་ཆུ་དང་བོད་ལུགས་གསོ་རིག་ལ་བརྟེན་ནས་དེའི་གྲས་སུ་ཚུད་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་འཛད་རྫས་བཟོ་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་པ། འཛད་རྫས་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཡུལ་བབ་དང་བསྟུན་ནས་བོད་ལུགས་གསོ་རིག་དང་། རང་བྱུང་འཐུང་ཆུ། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱིས་གཙོ་བོར་བྱས་པའི་ས་མཐོའི་ཁྱད་ལྡན་འཛད་རྫས་བཟོ་ལས་བཏོད་ཡོད། གྲོང་ཁྱེར་ཡོངས་ཀྱི་འཛད་རྫས་བཟོ་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    2023ལོའི་ཟླ་དང་པོ་ནས་བཅུ་གཉིས་པའི་བར་ལྷ་ས་གྲོང་ཁྱེར་གྱི་རང་བྱུང་འཐུང་ཆུའི་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.4ཟིན་པ་དེ་2022ལོ་ལས་83.58%འཕར་བ་དང་། བོད་སྨན་ཐོན་ལས་ཀྱི་མིག་སྔའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་9ཚང་མར་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་ལྡན(GMP)གྱི་ཁས་ལེན་མཚོན་རྟགས་ཐོབ་པ་དང་། བོད་སྨན་གྱི་སྣ་་ཁ་ཕུན་སུམ་ཚོགས་ཤིང་། བདུད་རྩི་དང་། ཆེས་བྲིན། ནོར་བདེ་ཁང་སོགས་བོད་སྨན་གྱི་ཚོང་རྟགས་ཀྲུང་གོའི་གྲགས་ཅན་ཚོང་རྟགས་སུ་གཏན་འཁེལ་བྱས་ཤིང་། བདུད་རྩི་དེ“ཀྲུང་ཧྭའི་རྙིང་ཁུངས་མིང་ཅན”དུ་གཏན་འཁེལ་བྱས་ནས་རང་ལྗོངས་སུ“ཀྲུང་ཧྭའི་རྙིང་ཁུངས་མིང་ཅན”མེད་པའི་སྟོང་ཆ་བསྐངས་ཡོད། 2023ལོའི་ཟླ་དང་པོ་ནས་བཅུ་གཉིས་པའི་བར་ལྷ་ས་གྲོང་ཁྱེར་གྱི་བོད་སྨན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་17.20ཟིན་པ་དེ་ན་ནིང་ལས་21%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།