དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-10

    ཚེས་8ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་ཤིང་། རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རིགས་ཁོངས་ཁག་ནང“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་ཚོགས་འདུའི་གྲོས་ཆོད་དང་སྙན་སྒྲོན་གྱི་འཆར་ཟིན་ཁག་ལ་གྲོས་བསྡུར་གནང་བ་རེད།

    ཀརྨ་ཚེ་བརྟན་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད།

    གྲོས་བསྡུར་གནང་རིང་། ཨུ་ཡོན་ཚོས“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་པ། རྩོམ་སྲོལ་བབ་ཆགས་དང་ནང་དོན་ཕུན་སུམ་ཚོགས་པ་བཅས་ལྡན་པ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པའི་ཁྲིམས་འཛིན་གྱི་འགན་འཁྲི་ནུས་ལྡན་མངོན་པ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་རིན་ཐང་གི་དོན་གཉེར་མཚོན་པས། དར་ཆ་མཐོན་པོར་སྒྲེང་བ་དང་། ཞབས་ཞུ་འཕེལ་རྒྱས་གཏོང་བ། དམངས་ཆེད་ཁྲིམས་འཛིན་བྱེད་པ། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

    ཨུ་ཡོན་ཚོས་ངོས་འཛིན་གནང་དོན། འདས་ཟིན་པའི་ལོ་གཅིག་རིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་པས་ལས་དོན་ནི་བསྟོད་རིན་བསྔགས་རིན་ཡོད་པ་ཞིག་རེད། “ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་པའི”ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    ཨུ་ཡོན་ཚོས་གསུངས་དོན། ཚོགས་འདུའི་གྲོས་ཆོད་དང་སྙན་སྒྲོན་འཆར་ཟིན་ཁག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་མཐའ་གསལ་མཐིལ་རྟོགས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་དང་ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།