བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཚོགས་ཆེན་ལ་སྤུས་ལེགས་ཀྱི་གྲོས་གཞི་ཁག་30ཕུལ་བ།
ཉིན་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་གླེང་མང་ཞིང་དཀའ་གནད་ཆེ་བའི་གནད་དོན་ལ་དམ་པོར་དམིགས་པ་དང་། ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་གྲོས་བསྡུར་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་འདུ་འགོད། ནུས་རྒྱུ་གཙང་མ་སོགས་ཀྱི་ནང་དོན་ལ་དམིཌ་ཏེ་ཚོཌ་ཆེན་ལ་སྤུས་ལེཌ་ཀྱི་གྲོས་གཞི་ཁག་30ཕུལ་བ་རེད།
ཨུ་ཡོན་ཚོས་ཚོགས་ཆེན་ལ《ཀྲུང་གོའི(བོད་ལྗོངས)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《ལྷ་ཉིང་ལྕགས་ལམ་གྱི་བྱང་རྒྱུད་ལམ་ཐིག་ལས་གྲྭ(ལྷ་ས་ནས་མལ་གྲོ་གུང་དཀར་དང་། ཀོང་པོ་རྒྱ་མདའ། ཉིང་ཁྲི་བཅས་བར)གསར་དུ་བསྐྲུན་རྒྱུའི་སྐོར་གྱི་གྲོས་གཞི》སོགས་མིང་མཉམ་འགོད་ཀྱི་གྲོས་གཞི་9དང་། དེ་བཞིན《བོད་ཀྱི་སྤྱི་སྤྱོད་མཁའ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ལ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱ་རྒྱུ》 《ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་གྲོས་གཞི་21ཕུལ་ཡོད་པ་རེད།