དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་མིའི་སྨན་པའི་ཚོགས་ཆུང་ཁག་26པར“རྒྱལ་སྤྱིའི་མཉམ་ལས་ཀྱི་གཟེངས་རྟགས”ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-09

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་གཉེར་བའི་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་དབར་དམག་དོན་གསོ་རིག་མཉམ་ལས་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག ཙན་པི་ཡའི་རྒྱལ་སྲུང་པུའུ་ཀྲང་ལུའུ་ཧྥུའུ་མཱ་ཡིས་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་མིའི་སྨན་པའི་ཚོགས་ཆུང་ཁག་26པའི་ཁོངས་མི་11ལ“རྒྱལ་སྤྱིའི་མཉམ་ལས་ཀྱི་གཟེངས་རྟགས”སྤྲད་པ་རེད།

    ལུའུ་ཧྥུའུ་མཱ་ཡིས་ལོ་40ཡི་རིང་ཀྲུང་གོའི་དམག་མིའི་སྨན་པས་ཙན་པི་ཡའི་དམག་དཔུང་གི་སྨན་བཅོས་བྱ་གཞག་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་ཐང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་ཆེན་པོ་བྱས་ནས་ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད།

    ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་ཝང་ཁྲེང་གིས། ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་མིའི་སྨན་པའི་ཚོགས་ཆུང་གིས་ལོ་40ཡི་རིང་ནད་བཅོས་སྲོག་སྐྱོབ་བྱས་པ་དེ་ཐོག་ནས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་མཚོན་གྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཙན་པི་ཡ་ཕྱོགས་ཀྱི་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་དེ་དུས་རབས་གསར་པའི་མཉམ་ལས་གཉིས་ཁེའི་འཛད་མཐའ་མེད་པའི་སྒུལ་ཤུགས་ལ་འགྱུར་བར་བྱས་ཏེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མུ་མཐུད་ཕན་བདེ་བསྐྲུན་གྱི་ཡིན་ཞེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།