དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་ཅ་ཧྲའི་རོགས་སྐྱོབ་དངོས་ཟོག་ལེན་སར་འཇབ་རྒོལ་ཕོག་པར་རྒོལ་གཏམ་དྲག་པོ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཅ་ཧྲ་གྲོང་ཁྱེར་གྱི་རོགས་སྐྱོབ་དངོས་ཟོག་ལེན་ས་ཞིག་ལ་དབྱི་དམག་གི་འཇབ་རྒོལ་ཕོག་ནས་མི་སེར་ཤི་རྨས་ཀྱི་གནས་ཚུལ་ཐོན་པར་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་ཕྱོགས་དོན་རྐྱེན་དེར་ཧང་སངས་བྱུང་ལ་རྒོལ་གཏམ་ཡང་དྲག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་རྒྱུ་དང་རྨས་མར་སེམས་གསོ་འཚམས་འདྲི་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་། ལྷག་པར་དུ། དབྱི་སི་རལ་ལ་འཕྲལ་དུ་དམག་མཚམས་འཇོག་རྒྱུ་དང་། མི་སེར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ། མི་ཆོས་རོགས་སྐྱོབ་ལ་འགན་ལེན་བྱ་རྒྱུ་བཅས་ཀྱི་སྐུལ་འདེབས་བྱས་ཏེ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་དེ་བས་ཚབས་ཆེ་བ་མི་ཐོན་པ་བྱེད་དགོས་ཞེས་བརྗོད་པ་རེད།

    ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། དེ་ཉིན་སྔ་དྲོ་ཅ་ཧྲ་གྲོང་ཁྱེར་གྱི་ལཱ་ཤིས་ཏེ་ཁྲོམ་གཞུང་གི་རོགས་སྐྱོབ་དངོས་ཟོག་ལེན་སའི་ཉེ་འགྲམ་དུ་ཐོན་པའི་འཇབ་རྒོལ་དོན་རྐྱེན་ནང་མི་112རྐྱེན་ལམ་དུ་ཤོར་བ་དང་མི་760ལ་རྨས་སྐྱོན་ཕོག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།