དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་དུ“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བའི་ཀྲུང་ཕྱིའི་བུད་མེད་ཀྱི་སྣེ་ལེན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་7ཉིན་པེ་ཅིང་དུ“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བའི་ཀྲུང་ཕྱིའི་བུད་མེད་ལ་སྣེ་ལེན་ཞུ་བའི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པ་རེད།

    རྒྱལ་དོན་ཨུ་ཡོན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་དབྱི་ཆིན་གྱིས་ཤིས་ཚིག་གསུངས་ནས་ཀྲུང་ཕྱིའི་བུད་མེད་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འགོ་ཚུགས་ཚོགས་འདུར་ཞུགས་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་གནང་བ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོའི་བུད་མེད་དུང་ཕྱུར་མང་པོས་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་ཧུར་ཐག་ཕུལ་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ《པེ་ཅིང་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》དོན་འཁྱོལ་མགྱོགས་མྱུར་བྱས་ནས་གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་གྱི་གྲོས་རིམ་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་བུད་མེད་ཚང་མ་དང་མི་ཚང་མར་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ་ཡོང་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།