ཨུ་ཡོན་དབྱང་ཧྲོང་གིས་གསུངས་དོན།
ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཛེས་དཔྱད་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་དགོས།
“མཛེས་དཔྱད་དང་ཞིབ་སློབ་ཡུལ་སྐོར་གྱི་ཐོན་རྫས་གསར་སྤེལ་བྱེད་པ་ནི‘རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་ཡག་པོ་སྐྲུན་པ་དང་ཡག་པོ་སྤྱོད་པའི’བྱ་ཐབས་གལ་ཆེན་ཞིག་དང་། ཀྲུང་ཧྭའི་མཛེས་དཔྱད་སློབ་གསོའི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད་ལ། ལྕགས་རི་རིང་པོའི་དམིགས་བསལ་མཛེས་དཔྱད་རིན་ཐང་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱང་ཧྲོང་གིས་ངོས་འཛིན་གནང་དོན། དེང་སྐབས་ཀྲུང་ཧྭའི་མཛེས་དཔྱད་སློབ་གསོའི་སྙིང་སྟོབས་དར་སྤེལ་གཏོང་བའི་བརྗོད་དོན་གཙོ་བོའི་ཞིབ་སློབ་ཡུལ་སྐོར་ཐོན་རྫས་ད་དུང་ཅུང་དཀོན་པོ་ཡོད་པ་དང་། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཛེས་རིག་མ་ལག་དང་མཛེས་དཔྱད་ནུས་པ་དེ་ཙམ་གྱི་འཐུས་སྒོ་ཚང་པོ་རང་མེད་པ། ལྕགས་རི་རིང་པོའི་ལམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་15ཡིས་རིག་གནས་དང་ཡུལ་སྐོར་མཉམ་ལས་མཉམ་འགུལ་གྱི་གསར་སྤེལ་ལམ་སྲོལ་ད་དུང་འཐུས་སྒོ་ཚང་པོ་མེད། དེས་ན་ལྕགས་རི་རིང་པོའི་མཛེས་དཔྱད་རིག་པའི་སློབ་གསོ་ཞིབ་སློབ་ཡུལ་སྐོར་གྱི་ཐོན་རྫས་གསར་སྤེལ་དམ་འཛིན་བྱ་གཞིར་བྱས་ཏེ་དེ་ལ་བརྟེན་ནས་ཕྱོགས་མང་པོའི་ཐད་ཀྱི་གནད་དོན་ཕྱོགས་བསྡུས་ཞིག་ཐག་གཅོད་བྱེད་པའི་ཇུས་གཞི་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།