དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་གྱི་མཐའ་བསྡུར་ཟླ་3ཚེས་16ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-08

    ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། ཀུའེ་ཀྲོའུ་ཡི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2024ལོའི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་གྱི་མཐའ་བསྡུར་དུས་མཚམས་ཀྱི་འགྲན་བསྡུར་ཟླ་3ཚེས་16ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོ་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་དུ་སྤེལ་འགོ་ཚུགས་ནས་ཟླ་5ཚེས་25ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་དང་འགྲན་བསྡུར་བྱེད་སྟངས་གསར་པ་སྔར་བས་མང་པོ་ཡོད་པ་རེད།

    ཀུའེ་ཀྲོའུ་ཡི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས། 2024ལོར་རུང་ཅང་གིས་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་ཡག་པོ་གཉེར་བ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་ཞིམ་ཟས་མངོན་མིན་རིག་གནས་ཤུལ་བཞག་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དང་། ཀུའེ་ཀྲོའུ——གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སོགས་གཙོ་གནད་ཐོག་ཡག་པོ་གཉེར་རྒྱུ་ཡིན་པ་དང་། རུང་ཅང་གིས་འགྲན་བསྡུར་ཁག་བཀོད་སྒྲིག་ལུགས་མཐུན་དང་འགྲན་སྟངས་གསར་པ་སྔར་བས་མང་པོ་གསར་གཏོད་བྱས་ནས་མི་དམངས་ཀྱི་བློར་འབབ་པའི་འགྲན་བསྡུར་ཞིག་གཉེར་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།