དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་ཀྱིས་ཁ་རུབ་ཆུས་ཀྱི་དཀའ་ངལ་ཡོད་པའི་ཕ་མ་ཡ་ཆགས་ཁྱིམ་ཚང་གི་སྐྱེད་མར་དངོས་ཟོག་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-08

    “གསུམ་བརྒྱད”བུད་མེད་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་ཀྱིས་ཁ་རུབ་ཆུས་ཀྱི་དཀའ་ངལ་ཡོད་པའི་ཕ་མ་ཡ་ཆགས་ཁྱིམ་ཚང་གི་སྐྱེད་མར་རོགས་སྐྱོར་ཞལ་འདེབས་དངོས་ཟོག་སྤྲོད་པའི་མཛད་སྒོ་ཁ་རུབ་ཆུས་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་བྱེད་སྒོ་ལྟེ་གནས་སུ་འཚོགས་པ་རེད།

    མཛད་སྒོར་ལས་དོན་པས་ཁ་རུབ་ཆུས་ཀྱི་ཕ་མ་ཡ་ཆགས་ཁྱིམ་ཚང་གི་སྐྱེད་མར་སྤྲིངས་པའི་འཕྲིན་ཡིག་བཀླགས་ཏེ། ཕ་མ་ཡ་ཆགས་ཁྱིམ་ཚང་གི་སྐྱེད་མར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། ད་ཐེངས་ཀྱི་གཅེས་སེམས་དངོས་ཟོག་ཡོངས་ཁུངས་གསལ་བཤད་བྱས་པ་མ་ཟད། སླད་ཕྱིན་བུད་མེད་དང་བྱིས་པ་སོགས་ཉམས་ཐག་རིགས་གྲས་ཀྱི་ལས་དོན་ལ་སྔར་བས་མཐོང་ཆེན་དང་རྒྱབ་སྐྱོར་བྱ་རྒྱུ་དང་། བོད་སྐྱོར་ལས་སྟེགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་དེ་བས་མང་བ་བསྡུ་སྒྲིལ་བྱས་ཏེ་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་དང་བུད་མེད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    གཞན་ཡང་། ཁ་རུབ་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་ཤང(གྲོང་རྡལ)15ཡི་དཀའ་ངལ་ཡོད་པའི་ཕ་མ་ཡ་ཆགས་ཁྱིམ་ཚང་གི་སྐྱེད་མ་666ལ་སྒོར་ཁྲི་19.64རི་བའི་འབྲས་དང་གྲོ་ཞིབ་སོགས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།