དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    འདི་ལོའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པའི་བྱ་སྤྱོད་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-06

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་2024ལོའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པའི་བྱ་སྤྱོད་བཀོད་སྒྲིག་བྱས་ཏེ། ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་དེ་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རྒྱུན་མཐུད་གཏིང་ཟབ་ངང་བཏོད་པའི་ཁྲིམས་སྒྱུར་སྤུས་རྟགས་ཤིག་ཡིན་པའི་ངོས་ནས་སྔར་ནས་ད་བར་དམངས་འཚོའི་བདེ་འཇགས་སྲུང་སྐྱོང་དང་། འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་བརྟན་ལྷིང་འགན་སྲུང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་བཏོན་ཡོད། འདི་ལོ་ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དམངས་འཚོའི་སྟོན་ཕྱོགས་དང་སྤྱི་འདོམས་མཐུན་སྦྱོར་སོགས་ཐད་ཀྱི་བྱ་སྤྱོད་ལམ་སྲོལ་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་གིས་ལས་སྒོའི་ལག་རྩལ་ལ་མཛུབ་ཁྲིད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ལས་སྒོའི་ཚན་ཁག་གིས་མཛུབ་ཁྲིད་བྱེད་པ་དང་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལག་བསྟར་ཞིབ་ཚགས་བྱེད་པའི་རིམ་ལྡན་མཉམ་འགུལ་དང་ལག་རྩལ་འདེགས་སྐྱོར་གྱི་ལམ་སྲོལ་ཞིག་ཆགས་པར་བྱ་རྒྱུ་དང་ཆབས་ཅིག དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ལྟེ་བར་བྱས་ཏེ་ཁྲིམས་སྒྱུར་དང་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པ་དང་། མཛུབ་ཁྲིད་དང་། གྲོས་འགོ་འདོན། དྲན་སྐུལ། བསླབ་བྱ་བྱེད་པ་སོགས་བཙན་ཤེད་མིན་པའི་ཁྲིམས་སྒྱུར་བྱེད་སྟངས་ཕྱོགས་བསྡུས་ཐོག་སྤྱོད་པ། གཉེར་སྐྱོང་བྱེད་པོར་ཆད་པ་བཅད་རྗེས་ཀྱི་ཞབས་ཞུའི་མཛུབ་ཁྲིད་ཡག་པོ་བྱེད་པ། གཉེར་སྐྱོང་བྱེད་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པ་བཅས་ཀྱི་ཐོག་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།